Dataset Viewer
text
stringlengths 37.6k
81.9k
| file_name
stringlengths 16
27
| lang
stringclasses 1
value | score
float64 0.81
1
| tokens
int64 120k
120k
|
|---|---|---|---|---|
<bos><bos>ལ་རྒྱུས་དབ་ཕྲེང་། ༣ར
སྟོད་ཕྲུག་གཅིག་གི་དངོས་བྱུང་མི་ཚེའི་ལོ་རྒྱུས།
ལ་སྟོད་ངམ་དྲུང་བཀྲ་ཤིས་ཕུན་ཚོགས།
བོད་ཀྱི་དཔེ་མཛོད་ཁང་།
© 2018 Library of Tibetan Works and Archives First Edition: 2018
སྟོད་ཕྲུག་གཅིག་གི་དངོས་བྱུང་མི་ཚེའི་ལོ་རྒྱུས།
Series Title Volume Title Subject Author
: Lorgvus deb phreng Vol. 38 : Stod phrug gcig gi dngos byung mi tshe'i lo rgyus
• Autobiography of the Author ; Tashi Phuntsok
ALL RIGHTS RESERVED
No part of this publication may be reproduced, stored in a retrieval system, or transmitted in any form or by any means, electronic, mechanical, photocopying, recording or otherwise, without the prior permission of the publisher.
ISBN: 978-93-87023-54-3
Design and layout : Ngedon Gyatso Cover design : Sonam Dawa Software used Adobe Indesign CS3 Typesel in
• Monlam Uni OuChan2, 13pt
Published by Library of Tibetan Works and Archives. Dharamshala, India. Printed at VEE ENN Print-O-Pac, New Delhi-110020
THE DALAI LAMA
༄༅། །འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཟུར་པ་ངམ་དྲུང་བཀྲ་ཤིས་ཕུན་ཚོགས་ན་གཞོན་དུས་སུ་བལ་ ཡུལ་ས་མཚམས་བརྒྱུད་བཙན་བྱོལ་ལ་འབྱོར་ནས་དེ་ཁུལ་སློབ་ཆུང་དང་། དེ་རྗེས་རྒྱ་གར་ནང་གཏན་སློབ་ སོགས་སུ་བོད་ཕྲུག་ཕྱི་ནང་ཤེས་ཡོན་གྱི་སློབ་སྦྱོང་གོ་སྐབས་ཐོག་མར་ཐོབ་པའི་གྲས་དང་། སློབ་གྲྭ་ཐོན་ རྗེས་ཀྱང་གཞུང་གི་ལས་གནས་སུ་ཞུགས་མཁན་སྔོན་མའི་གྲས་ཡིན། བོད་མིའི་གཞིས་ཆགས་ཀྱི་ལས་ཀ་ ཛ་དྲག་གཉན་འཕྲང་ཆེ་བའི་སྐབས་སུ་རྒྱ་གར་ལྷོ་རྒྱུད་ས་ཁུལ་བྷན་དྷ་ར་གཞིས་ཆགས་འགོ་འཛུགས་ཀྱི་རྒྱ་ གར་དམིགས་བསལ་སྐུ་ཚབ་ཀྱི་སྐད་དྲུང་དུ་བསྐོ་གཞག་བྱས་པ་བོད་བསྟན་སྲིད་མི་རིགས་ཀྱི་ཞབས་ འདེགས་ལ་བསམས་ནས་ལྷག་བློ་ཆེར་བསྐྱེད་ཀྱིས་ཧུར་ཐག་བྱས་པ་དང་། དེ་རྗེས་དབུས་ཀྱི་ལས་ཚན་ ཐེག་པ་རིམ་འཛེགས་ཀྱིས་དྲུང་ཆེའི་ལས་གནས་འདྲ་མིན་ཐོག་བཏང་འགྲོ་བཞག་སྡོད་འཕེར་བའི་སྒོ་ནས་མི་ ལོ་སུམ་ཅུ་སོ་བརྒྱད་རིང་སྤྱི་དོན་ཞབས་འདེགས་ཟལ་ཐོན་ཞུས་པའི་རང་གི་གནས་ཚུལ་ཙམ་མ་ཡིན་ པར། རྒྱ་གར་གཞུང་གིས་དབུས་པའི་རྒྱལ་སྤྱིའི་རོགས་ཚོགས་ཁག་གི་གཏོང་ཕོད་ཆེན་པོས་དཔལ་འབྱོར་ རྒྱབ་སྐྱོར་གནང་ཚུལ་དང་། གཞན་ཡང་སྤྱི་སྒེར་དགེ་སྐྱོན་གྱི་ཉམས་མྱོང་བསླབ་བྱ་བཅས་པ་ངལ་གྲོན་ལ་མ་ འཛེམས་པར་ད་ལམ་༼སྟོད་ཕྲུག་གཅིག་གི་དངོས་བྱུང་མི་ཚེའི་ལོ་རྒྱུས། ༽ཞེས་པའི་དེབ་བྲིས་པ་འདིའི་ ནང་ཞིབ་འཁོད་ཡོད་འདུག་པ། དེས་བོད་མི་རིགས་གཉན་འཕྲང་གི་དུས་སུ་མི་རབས་གོང་མས་དཀའ་ངལ་ ཁྱད་བསད་ཇི་ལྟར་བྱས་པའི་ཚུལ་རྣམས་དེང་གི་མི་རབས་སྤྱི་དང་། ལྷག་པར་སྤྱི་པའི་སྒྲིག་འཛུགས་ཀྱི་ ལས་གནས་སུ་ཡོད་པ་རྣམས་ཀྱིས་ཤེས་རྟོགས་ལ་བརྟེན་ནས་བློ་བསྐྱེད་གསར་པ་དང་། སེམས་ཤུགས་ སྐུལ་འཕེལ་ཡོང་ངེས་སུ་མཐོང་བས་རྩོམ་པ་པོ་འབྲེལ་ཡོད་བཅས་པར་བསྔགས་བརྗོད་དང་། སྐྱབས་སྨོན་ རྟག་དུ་བྱེད། ཤཱཀྱའི་དགེ་སྦྱོ ང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ས་ཁྱི་ ཟླ་ ༣ ཚེས་ ༢༩ ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༤ ལ།།
》
དཀར་ཆག
༡༣
དཔར་སྐྲུན་གསལ་བཤད། ...... རྩོམ་པ་པོའི་སྔོན་གླེང་། . ༡ རང་ཉིད་ཀྱི་ཁྱིམ་ཚང་དང་སྐྱེས་ཡུལ་ངོ་སྤྲོད། ................. ༢ རང་ཡུལ་ནས་བལ་ཡུལ་དུ་བཙན་བྱོལ་ལ་ཡོང་དགོས་བྱུང་བ་དང་།
སློབ་གྲྭར་ཞུགས་པ། .... ༣ བལ་ཡུལ་ནས་རྒྱ་གར་དུ་བསྐྱོད་དེ་སློབ་གྲྭར་ཞུགས་པ།...............39 ༤ དམིགས་བསལ་ལས་བྱེད་སློབ་གྲྭར་འདེམས་སྒྲུག་དང་། གཞུང་ཞབས་
ཁོངས་བསྐོ་གཞག་སྩལ་བ། ........................................................................................45 ༥ རྒྱ་གར་དབུས་གཞུང་གི་ཕོགས་གཞུང་ཁོངས་བྷན་རྡ་ར་གཞིས་ཆགས་
གསར་འཛུགས་ཀྱི་སྐད་དྲུང་དུ་བསྐོ་གཏོང་བྱུང་བ།......... ༦ ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་ནང་སྲིད་ལས་འཛིན་མིང་གནས་ཐོག་
གནས་སྤོ་བསྐོ་གཞག་བྱུང་བ། .......... ༧ བཞུགས་སྒར་ནང་སྲིད་ལས་ཁུངས་སུ་གནས་སྤོས་བསྐོ་གཞག ..............67 ༨ ནང་སྲིད་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་གཞག.............. ༩ བཀའ་དྲིན་རྗེས་སུ་དྲན་པ། .. ༡༠ རང་གཞུང་བཀའ་ཤག་ནས་འཆར་འབུལ་ཕྱག་རྟགས་དང་།
ཐད་བསྐོ་གནང་བ་བཅས་ཀྱི་དགོངས་དོན་སྡེ་ཚན་ཁག་ཅིག་གི་
.......................49
................61
v། ལྟ 1བུ། ༤
དཀའ་ ནག ཡན 'སྤུ་
ཚོགས་ཆུང་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་
ལས་རྒྱུན་ལོ་གཉིས་ནས་གསུམ་བར་ལས་ཁུར་ཞུས་པ། ................................109 ༡༡ དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤོས་བསྐོ་གཞག .......... 113 ༡༢ ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་ལས་ཁུར་ཞུས་པ། .......123 ༡༣ ལྡི་ལིར་སྐུའི་འཁྲུངས་སྐར་དུས་ཆེན་གཙོས་གཞུང་འབྲེལ་དུས་ཆེན་
སྲུང་བརྩི་ཞུ་སྐབས་མང་ཚོགས་ལ་གཏམ་བཤད་བགྱིས་པ། ...........137 ༡༤ འཇིག་རྟེན་གཉེན་སྒྲིག་དང་མི་ཚེ་སྐྱེལ་འགོ་ཚུགས་པ། ...........189 ༡༥ བདེ་སྲུང་ཉམས་ཞིབ་དང་། སྣེ་ལེན་སོགས་འཛིན་སྐྱོང་གི་ལས་དོན་
ཟུར་བཅད་སྡེ་ཚན་འགན་འཛིན་ལ་གནས་སྤོས་བསྐོ་གཞག...........................193 ༡༦ འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དང་། གཞུང་ཞབས་འདེམས་བསྐོ་ལྷན་
ཁང་གི་ཚོགས་གཙོ་གཅིག་ལྕོགས་བསྐོ་གཞག་ལས་ཁུར་ཞུས་པ། .....199 ༡༧ བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་མང་གཙོ་ཅན་དུ་བསྒྱུར་རྗེས་བོད་
མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་སྐོར་གླེང་བ། ........................211 ༡༨ མཇུག་བསྡུའི་སྨོན་ཚིག་དང་རེ་སྐུལ།. .......................་ ཟུར་རྒྱུན།--ཀ ཟུར་རྒྱན།--ཁ ........ འབྲེལ་ཡོད་པར་རིས་ཁག་གཅིག་,
ས
.............................
དཔར་སྐྲུན་གསལ་བཤད།
༄༅། །སྐུ་ངོ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ལྗགས་རྩོམ་གནང་བའི་<<སྟོད་ ཕྲུག་གཅིག་གི་དངོས་བྱུང་མི་ཚེའི་ལོ་རྒྱུས་>>ཞེས་པའི་དཔེ་དེབ་འདི་ནི་གཙོ་བོ་ ཁོང་སྐུ་སྒེར་གྱི་མི་ཚེའི་ལོ་རྒྱུས་སྤྱི་དང་། ལྷག་པར་རང་ཉིད་ཕྱི་ལོ་ ༡༩༧༡ ཟླ་བ་ ར ཚེས་ ༡༢ ཉིན་གཞུང་ཞབས་ངོ་མར་བསྐོ་གཞག་གནང་བ་ནས་བཟུང་མི་ལོ་ཧྲིལ་ པོ་སུམ་ཅུ་སོ་བརྒྱད་ལྷག་གི་རིང་། ཐོག་མར་བོད་དབྱིན་ཟིན་བྲིས་བཟོ་འགོད་པ་ ནས་དབུ་བཙུགས་ཏེ་ཐེམ་པ་རིམ་འཛེགས་ཀྱིས། མཐར་དྲུང་ཆེའི་ལས་གནས་འདྲ་ མིན་བར་སྲི་ཞུ་བསྒྲུབས་གནང་མཛད་པའི་ཉམས་མྱོང་གི་དངོས་བྱུང་ལོ་རྒྱུས་ལོ་ ཚིགས་དང་ཟུར་བཀོད་ཀྱིས་བརྒྱན་པ་ཞིག་ཡིན་སྟབས། བཙན་བྱོལ་བོད་མིའི་སྒྲིག་ འཛུགས་ཀྱི་འདས་པའི་ལོ་ངོ་ལྔ་བཅུའི་རིང་གི་འཕོ་འགྱུར་མཚོན་པའི་དཔེ་དེབ་དོན་ སྙིང་ལྡན་པ་ཞིག་ཏུ་མཐོང་སོང་བས་ན། གུས་པས་ཀློག་པ་པོ་དག་གི་ཚབ་ཞུས་ཏེ་ རྩོམ་པ་པོར་ལེགས་སོའི་བསྔགས་བརྗོད་ཞུ། །
ཁ་རྒྱུན་ལ་ ་་བསྲེས་ལྷད་བྲལ་བའི་དངོས་ཡོད་ལོ་རྒྱུས་ཀྱིས་དུས་རབས་ཀྱི་ ཚབ་མཚོན་དང་ལོ་རྒྱུས་ཀྱི་དཔང་རྟགས་བྱེད་ཐུབ་”ཅེས་ཁ་གཅིག་གྲག་ཏུ་བརྗོད་ ཀྱི་ཡོད་པ་བཞིན། ཚིག་ཉུང་ལ་དོན་འདུས་པའི་ལོ་རྒྱུས་འདིར་དཀའ་སྡུག་ཁྲོད་ཀྱི་ མི་རིགས་ཤིག་གི་གོད་ཆགས་ཏེ། བོད་མི་ཁྲི་ཕྲག་མང་པོས་ངོ་ཤེས་པ་ས་དང་ གནམ་ལས་མེད་པའི་བས་མཐའ་ཞིག་ནས་འཚོ་བ་རོལ་དགོས་བྱུང་སྐབས། དཔའ་ མ་ཞུམ་ཞིང་གཉའ་མ་ཆག་པར་སོ་སོའི་ལག་ཟུང་ལ་བརྟེན་ཏེ་འགྱེལ་ས་ནས་ཡར་ ལངས་པའི་བྱུང་རབས་སྤྱི་དང་། ཁྱད་པར་དུ་སྐུ་ངོ་ཁོང་གི་ལས་གནས་ཏེ། ཕྱིའི་
རོགས་ཚོགས་ཁག་ལ་འབྲེལ་འདྲིས་དང་གཞིས་ཆགས་གསར་འཛུགས། ༧གོང་ ས་མཆོག་གི་སྐུའི་ཉེན་སྲུང་དང་སྐུ་ཚབ་དོན་གཅོད་ཀྱི་འགན་འཁྲི། ཕྱི་རྒྱལ་ཁག་ཏུ་ བོད་མི་འདེམས་གཏོང་དང་མ་དངུལ་ཐེབས་རྩ་ཟུར་འཇོག །འོས་བསྡུའི་ལས་དོན་ ཆེ་ཕྲ་དང་གཞུང་ཞབས་འདེམས་བསྐོ་སོགས་ཀྱིས་མཚོན་བཙན་བྱོལ་བོད་མིའི་ མང་གཙོའི་འཕེལ་རིམ་གསལ་བར་མངོན་འདུག །
དེ་བས་ན་བྱས་པ་ཅན་གྱི་རྒན་རབས་པ་དག་གིས་འདི་ལྟར་སོ་སོའི་སྐུ་ཚེའི་ ལོ་རྒྱུས་གསོང་བོར་བརྗོད་དེ་ལོ་རྒྱུས་ཀྱི་རྡོ་རིང་རེ་བསླང་རྒྱུ་དང་སྔོན་མེད་ཀྱི་དེབ་ ཐེར་རེ་བསྐྲུན་རྒྱུ་ནི་ཆེས་ཤིན་ཏུ་ནས་གལ་ཆེ་སྟེ། མི་སྒེར་སོ་སོའི་དངོས་མྱོང་གི་ བྱུང་རབས་ཁྲོད་ནས་མི་སུ་ཡིན་གྱིས་དུས་ནམ་ཡང་ཤེས་དཀའ་བའི་རྡོ་རིང་གསེར་ བྲིས་མ་རེ་འབད་མེད་དུ་མངོན་འོང་བས་ན། འདིར་སྐུ་ངོ་ཁོང་གི་སྐུ་ཚེའི་ལོ་རྒྱུས་ སྟོད་ཕྲུག་གཅིག་གི་དངོས་བྱུང་མི་ཚེའི་ལོ་རྒྱུས་ཞེས་པ་དེ་ངེད་བོད་ཀྱི་དཔེ་མཛོད་ ཁོང་གི་ལོ་རྒྱུས་དེབ་ཕྲེང་སོ་བརྒྱད་པར་དཔར་སྐྲུན་ཞུ་རྒྱུའི་གོ་སྐབས་བྱུང་བར་སྤྲོ་ བ་རབ་ཏུ་བརྟས།
ཞེས་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་བོད་ཡིག་དཔར་ སྐྲུན་སྡེ་ཚན་གྱི་སྲི་ཞུ་བ་ཨ་མཆོག་ངེས་དོན་རྒྱ་མཚོས། སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༠ སྤྱི་ཚེས་ ༡༢ ཉིན་བྲིས་པ་དགེའོ།།
རྩོམ་པ་པོའི་སྔོན་གླེང་།
༄༅། །འཕན་ཟེལ་རིན་ཆེན་ལ་ལྟ་ཡི། །མགལ་དུམ་ལ་ནི་སུ་ཞིག་དཔྱོད། །ཅེས་ ཕྲན་ལྟ་བུའི་སྐྱེས་བུ་ཕལ་པ་ཞིག་གི་ལོ་རྒྱུས་བྱུང་བ་ལ་འབྲི་རིན་དང་། དགོས་པ་ ཆེ་བ་གང་ཡང་མེད། ཡིན་ནའང་ཆོས་དང་རིག་གཞུང་ཕྱུག་ལ། མི་རབས་བརྒྱ་ཕྲག་ མང་པོའི་རིང་གི་རྩ་ཆེའི་ལོ་རྒྱུས་ཡོད་པའི་བོད་མི་རིགས་རྒྱལ་ཁབ་དང་བཅས་པ་ ལ་དར་རྒུད་འཕར་འབུབ་ཁྲོད། བོད་མི་རིགས་རིག་གཞུང་དང་བཅས་པ་ཆགས་ འཇིག་གི་གཉན་འཕྲང་ཆེ་ཤོས་ནི། ང་ཚོའི་མི་ཐོག་འདིར་བྱུང་ཞིང་། དེ་ཡང་ཤར་ ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་མི་གུང་ཁྲན་དམར་པོས་བོད་ཀྱི་སྣོད་བཅུད་ ཡོངས་རྫོགས་ལ་བཙན་འཛུལ་དང་། རྒྱལ་རབས་ལོ་རྒྱུས་སོགས་ལ་འཁྱོག་བཤད་ ཀྱི་ཡིག་ཆ་འགྲེམས་སྤེལ་གྱིས་མཚོན་པའི་ཐབས་ལམ་ཡོད་རྒུ་རྩལ་སྤྲུགས་ཀྱིས་ བརྒྱུད་ལམ་སྣ་ཚོགས་བརྒྱུད་ནས་ཕྱི་ནང་གང་སར་མངོན་གསལ་དོད་མ་དོད་ཅི་ རིགས་ཐོག་ནས་ཁྱབ་བསྒྲགས་བྱེད་བཞིན་པ་ལ། བདེན་རྫུན་གྱི་དཔང་རྟགས་གལ་
ཆེ་ཤོས་ཤིག་ནི་རང་རེ་བོད་གཞིས་བྱེས་གཉིས་ཀྱི་སྤྱི་སྒེར་གྱི་དངོས་བྱུང་ལོ་རྒྱུས་ ཤུལ་བཞག་རྣམས་ཡིན་པར་མཐོང་བའི་ཐོག རང་ཉིད་ཀྱི་སྤུན་མཆེད་དང་། རིང་ འདྲིས་མཛའ་བཤེས་མང་པོས་སྐུལ་མ་ཡང་ནན་བྱུང་བ་དང་། ལྷག་པར་སྤྱི་ནོར་ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དོན་གནད་འདིའི་ཐོག་བཀའ་སློབ་ སྔ་རྗེས་སྩལ་ཕེབས་བྱུང་བར་མ་ཟད། ཕྱི་ལོ་ ༡༩༩༡ གསུམ་བཅུའི་དུས་དྲན་ཐེངས་ སོ་གཉིས་པའི་ཐོག་ཡོངས་ཁྱབ་གསུང་འཕྲིན་སྩལ་བའི་ནང་---“རང་དབང་ཡུལ་ ཁག་ནང་འཁོད་པའི་བོད་མིའི་ནང་ནས་གོང་དུ་བརྗོད་པའི་སྡེ་ཚན་དེ་དག་དང་དེ་
མིན། རང་ཉིད་ལ་རྒྱུས་མངའ་ཡོད་པའི་བོད་སྤྱི་བའི་ལོ་རྒྱུས་དང་། ཡང་ན་སྒེར་སོ་ སོའི་མི་ཚེའི་ལོ་རྒྱུས་སོགས་ལོ་རྒྱུས་ཡིག་ཆ་རྩོམ་འབྲི་བྱེད་དགོས་ཞེས་དེ་སྔ་ཡང་ འབོད་སྐུལ་བྱས་ཡོད་ལ། དེ་རིང་ཡང་བསྐྱར་འབོད་སྐུལ་བྱེད་འདོད་བྱུང་། འདི་ ཤིན་ཏུ་གལ་ཆེན་པོ་ཡིན། རང་རང་སོ་སོའི་ངོས་ལ་རང་གི་ལོ་རྒྱུས་འབྲི་རིན་མི་ འདུག་སྙམ་པ་ཞིག་འཆར་གྱི་ཡོད་ནའང་། དོན་ངོ་མའི་ཆ་ལ་ང་ཚོའི་མི་ཐོག་འདི་ རྣམ་གྲངས་མང་པོའི་དཀའ་སྡུག་མྱངས་མྱོང་མཁན་ཞིག་དང་། རྣམ་གྲངས་མང་ པོའི་འགལ་རྐྱེན་གྱི་ཁྲོད་ནས་མི་རིགས་རང་འཚོ་བཟུང་སྟེ་མ་འོངས་པའི་མདུན་ ལམ་གསར་གཏོད་བྱེད་མཁན་གྱི་མི་ཐོག་གཅིག་ཡིན་དུས། མི་ཐོག་འདིའི་ཐོག་ལ་ བྱུང་བའི་སྤྱི་དང་སྒེར་གྱི་ལོ་རྒྱུས་ཉམས་མྱོང་རྣམས་ཡིག་ཐོག་ཏུ་འཁོད་པ་བྱ་རྒྱུ་ཧ་ ཅང་གལ་ཆེར་མཐོང་ཞིང་། དེ་མིན་མ་འོངས་པར་རྒྱ་མི་དམར་པོས་འཁྱོག་བཤད་ བྱས་པའི་ཡིག་ཆ་རྣམས་ལྷག་པ་དང་། ཚུར་ཕྱོགས་སྤྱི་སྒེར་ཐོག་བྱུང་བའི་དངོས་ ཡོད་གནས་ཚུལ་རྣམས་དོ་བདག་སོ་སོ་མིག་བཙུམས་པའི་ཉིན་མོ་ནས་མུན་ནག་ ཆགས་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ངོས་ནས་ཡང་བསྐྱར་འབོད་སྐུལ་བྱ་རྒྱུར། རང་དབང་ལུང་པའི་ས་ཁུལ་འདྲ་མིན་ནང་ཡོད་པའི་བོད་པ་ཚང་མས་ལོ་རྒྱུས་འབྲི་ དགོས་ཞེས། བཀའ་སློབ་བརྗིད་ནན་ཕེབས་དགོངས་རྣམས་དགའ་དད་སྤྲོ་གསུམ་ གྱི་སྒོ་ནས་བཀའ་བརྩི་དང་ལེན་ཞུས་ཏེ་རང་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་འདི་རྩོམ་ འབྲི་བྱ་རྒྱུའི་འབད་བརྩོན་ཞུས་པ་ཡིན། །
ལོ་རྒྱུས་འདིའི་ནང་གང་གསལ་བ་རྣམས་རང་ཉིད་སྒེར་གྱི་མི་ཚེ་དང་། གཞུང་ ཞབས་ལས་རྒྱུན་སྐབས་ཐད་ཀར་འབྲེལ་བ་ཡོད་པ་ཤ་སྟག་ཡིན། རང་ཉིད་ཀྱི་ ཁྱིམ་ཚང་དང་། སྐྱེ་ཡུལ་ངོ་སྤྲོད་ཀྱི་ཚུལ་དུ་གནས་ཚུལ་གང་བཀོད་པ་རྣམས་ཨ་ རིར་བཅའ་སྡོད་ཕྲན་གྱི་གཅེན་པོ་ངམ་དྲུང་རྡོ་རྗེ་རྒྱལ་མཚན་དང་། ཕྲན་གྱི་ཕ་ཡུལ་
ཅ་ ་ ་ ་ ༢༥ མ་} ཀ་
གཅིག་པ་གཉེན་ཉེ་ངམ་པ་ཆོས་སྐྱབས་པ་རྡོ་རྗེ་དབང་རྒྱལ་གཉིས་ནས་ཐད་ཀར་ ཡིག་ཐོག་ཏུ་གནང་འབྱོར་བྱུང་བར་སྣོན་འཕྲི་ཅུང་ཟད་བྱས་པ་ལས་རྩ་བའི་གཞིར་ བཞག་བཀོད་པ་དང་
། དེ་མིན་གཞུང་ཞབས་ལས་རྒྱུན་སྐབས་ཀྱི་འབྲེལ་ཆགས་ལོ་ རྒྱུས་རྣམས་ཕྲན་རང་ཉིད་ཀྱི་ལས་ཁུར་སྐབས་སུ་ཉིན་རེ་ཉིན་རེའི་ལས་དོན་ཇི་བྱས་ དྲན་ཐོ་འགོད་ཉར་ཞིབ་གསལ་ཡོད་པ་རྩ་འཛིན་གཞིར་བཞག་ཞུས་ཡོད་པ་བཅས་ མདོར་ན་དངོས་བྱུང་ལོ་རྒྱུས་ཁུངས་ལྡན་ཞིག་ཡིན་པར་ངོས་འཛིན་གནང་ཆོག་
ལོ་རྒྱུས་འདིའི་མ་ཟིན་རྣམས་ཆ་ཚང་ཀམ་སྤུར་ཊར་གློག་ཀླད་དུ་འཇུག་ འགོད་བྱེད་མཁན་ཕྲན་གྱི་བུ་བསྟན་འཛིན་འཇིགས་བྲལ་ཡིན་པ་དང་། དེ་བཞིན་ ཕྲན་གྱི་གཅུང་པོ་ངམ་པ་དྲུང་འཚོའི་དགེ་བཤེས་བློ་བཟང་རིན་ཆེན་ནམ་ཡོངས་ གྲགས་དྷ་ས་རིགས་ལམ་སློབ་གཉེར་ཁང་གི་དཔེ་ཁྲིད་རྒན་རྒྱ་མཚོ་ལགས་ནས་རྩ་ ཚེའི་དུས་ཚོད་བཏང་སྟེ་མ་ཟིན་འདིའི་འགོ་མཇུག་བར་གསུམ་ལ་ཞིབ་ཚགས་ཆེན་ པོའི་ཐོག་ནས་ལྗགས་ཀློག་གིས་བརྗོད་བྱ་རྗོད་བྱེད་དང་། ཚིག་བརྗོད་སྒྲིག་སྟངས། དག་ཆ་ནོར་བཅོས་བྱ་འོས་སོགས་ལ་དག་བཅོས་དགོས་ངེས་གནང་བ་བཅས་ ཁོང་གཉིས་ཀྱིས་གཙོས་འབྲེལ་ཡོད་མཐུན་འགྱུར་གནང་མཁན་རྣམས་ལ་སྙིང་ཁོང་ རུས་པའི་གཏིང་ནས་ཐུགས་རྗེ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་ཞུ་རྒྱུ་བཅས།
རྒྱ་གར་གྱི་མངའ་སྡེ་ཨུཏ་རན་ཅལ་གྱི་རྒྱལ་ས་སྡེ་ར་ལྡུན་ཉེ་འཁྲིས་སུ་ཡོད་ པའི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་བགྲེས་ཤག་ནས་ཕྲན་ངམ་པ་དྲུང་ འཚོ་བཀྲ་ཤིས་ཕུན་ཚོགས་ནས་བོད་རྒྱལ་ལོ་ ༢༡༤༥ ཕྱི་ལོ་ ༢༠༡༨ ཟླ་ཚེས་ བཟང་པོར་ཡོངས་སུ་གྲུབ་པ་དགེའོ།།
ལེའུ་དང་པོ། རང་ཉིད་ཀྱི་ཁྱིམ་ཚང་དང་སྐྱེས་ཡུལ་ངོ་སྤྲོད།
༄༅། །བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་ སུ་མཆིའོ། །བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་ གྱིས་བརླབ་ཏུ་གསོལ། ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པར་བྱིན་གྱིས་ བརླབ་ཏུ་གསོལ། ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་རྒྱུད་ལ་སྐྱེ་བར་བྱིན་གྱིས་ བརླབ་ཏུ་གསོལ། ཁྱད་པར་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་། ཡང་དག་པའི་ལྟ་བ་རིན་པོ་ཆེ་རྣམ་པ་གཉིས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་ གསོལ། །ཞེས་གསོལ་འདེབས་ཀྱིས་སྔོན་བསུས་ཏེ། སྐབས་འདིར་གླེང་བར་བྱ་བ་ ནི༑ ཁོ་བོའི་མི་ཚེ་གཅིག་གི་བྱུང་རབས་ལོ་རྒྱུས་ཡིན།
སྤྱིར་ཁོ་བོ་ལྟ་བུའི་གང་ཟག་ཕལ་པ་ཞིག་གི་དལ་བའི་རྟེན་བཟང་སྟོང་ལོག་ ཏུ་གཏོང་བའི་ལོ་རྒྱུས་ལ་གཞི་རྩིས་མེད་པར་མ་ཟད། རང་ཉིད་ལ་རིགས་དང་སྐྱེ་ བ་ཆོས་སྲིད་གང་གི་ཐད་ནས་སྐྱེས་སྦྱངས་ཀྱི་སྒོ་ནས་གཞན་མགུ་བར་འོས་པའི་ ལོ་རྒྱུས་གང་ཡང་བརྗོད་རྒྱུ་མེད་ནའང་། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ ན་མ་མཆིས་པ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐྱབས་བཅོལ་དུ་ཞབས་ སོར་བཀའ་དྲིན་ཆེ་འཁོད་ཐུབ་ནས། ཐོག་མར་བཙན་བྱོལ་གཞུང་གི་ལས་ཁུངས་ ཁག་གསར་དུ་བཀོད་སྒྲིག་དང་། དེ་བཞིན་བོད་མིའི་གོམས་གཤིས་སོགས་ལྷད་ མེད་གཙང་གནས་ཆེད་གཞིས་ཆགས་ཁག་གསར་འཛུགས་དང་། རང་རེའི་ཆོས་
དང་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་སླད་དགོན་སྡེ་དང་སློབ་གྲྭ་ཁག་གསར་ འཛུགས་གནང་ཚུལ། གཞན་ཡང་ང་ཚོ་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་ངོ་ ཤེས་པ་ས་དང་གནམ་ལས་མེད་སྐབས་རྒྱ་གར་གཞུང་མང་གཙོས་ཕྱི་ནང་རོགས་ ཚོགས་ཁག་གིས་མཐུན་སྦྱོར་རོགས་རམ་ཇི་ལྟར་གནང་ཚུལ་རྣམས། གུས་པ་རང་ ཉིད་སྐབས་དེ་ཤེད་ཅིག་ནས་གཞུང་ཞབས་ཁོངས་སུ་ཞུགས་ནས་དངོས་སུ་ཞབས་ ཞུའི་གོ་སྐབས་བཟང་པོ་ཐོབ་སྟེ། མིག་མཐོང་ལག་ཟིན་གྱི་དངོས་བྱུང་གནས་ཚུལ་ རྣམས་ཚང་མས་ཤེས་རྟོགས་དགོས་པ་གལ་འགངས་ཆེན་པོར་མཐོང་སྟེ། འདིར་ ཕྲན་རང་གི་ལོ་རྒྱུས་དང་འབྲེལ་ནས་གོང་དོན་རྣམས་གཙོར་འདོན་ཞུ་རྒྱུ་ཡིན།
ཁོ་བོའི་སྐྱེས་ཡུལ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་ལུང་གིས་ བསྔགས་པ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་འདུལ་ཞིང་། བོད་ཁ་བ་གངས་ ཅན་གྱི་ལྗོངས་ཞེས། གནའ་སྔ་མོ་བསྟན་པ་སྟོབས་ཀྱིས་སྐྱོང་བའི་ཆོས་རྒྱལ་གོང་ མ་རིམ་ཅན་སྐབས། ཆོས་དང་རིག་གཞུང་སྟོབས་དང་དམག་ཤུགས་སོགས་གང་ ས་ཅི་ཐད་ནས་འགྲན་ཟླ་དང་བྲལ་བའི་རྒྱལ་ཁབ་གྲགས་ཅན་ཞིག་དང་། བོད་སིལ་ བུར་གྱུར་རྗེས་གང་ཅིར་གོད་ཆགས་ཆེན་པོ་བྱུང་ཡོད་ནའང་། བོད་གངས་ཅན་ ལྗོངས་ཞེས་རང་དབང་རང་བཙན་གྱི་རྒྱལ་ཁབ་གཅིག་གྱུར་གྱི་མིང་འོག་ཏུ་གནས་ པ་ལ། ཁྲལ་བསྡུ་སྒོས་ཆོས་དམིགས་བསལ་ཡོད་པའི་ཆ་ནས། དབུས་གཙང་དམ་ པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མགོ་ནག་མིའི་ཆོལ་ཁ། མདོ་སྨད་གྱི་ལིང་རྟའི་ཆོལ་ ཁ་ཞེས་པའི་ཆོལ་ཁ་གསུམ་ལས་དབུས་གཙང་གི་ཆོལ་ཁའི་ཁོངས། ལ་སྟོད་ལྷོ་ རྒྱུད་ཀྱི་བོང་ཤོད་ལུང་དྲུག་ཅེས་པའི་གྲོང་གསེབ་དྲུག་གི་ཡ་གྱལ། སྟོད་ཤེལ་དཀར་ རྫོང་ཁོངས་ངམ་པ་ཞེས་པའི་གྲོང་གསེབ་ཅིག་ཏུ། ཁྱིམ་ཚང་མིང་ངམ་པ་དྲུང་འཚོའི་ ཕ་འགྱུར་མེད་རྡོ་རྗེ་དང་། མ་དཔལ་མོ་གཉིས་ཀྱི་རིགས་མྱུག་ཏུ་སྐྱེས།
བོད་ཀྱི་ཡུལ་ལུང་སྤྱི་དང་། ལྷག་པར་ལ་སྟོད་ཁུལ་དུ་ནང་ཆོས་དར་ཁྱབ་ཆེ་ བས་རིས་སུ་མ་ཕྱེ་བའི་ཆོས་བརྒྱུད་ཚང་མའི་དགོན་པ་ཆེ་ཆུང་མང་དག་གཅིག་ཡོད་ པ་མ་གཏོགས། མང་ཚོགས་ཁྲོད་སྤྱིར་བཏང་ཤེས་ཡོན་ལ་དམིགས་བསལ་དོ་སྣང་ གོམས་གཤིས་དེ་ཙམ་མེད་སྟབས། གཞུང་སྒེར་སུ་ཐད་ནས་ཡོངས་གྲགས་སློབ་ གྲྭ་འཛུགས་གཉེར་བྱས་པ་འདི་རེད་ཅེས་ཕལ་ཆེར་གོ་མྱོང་མཐོང་མྱོང་མེད། ཡིན་ ནའང་ཕ་མ་བསམ་ཡོད་འགའ་ཞིག་ནས་རང་ཉིད་ཀྱི་ཕྲུ་གུ་ནང་ཆོས་སློབ་གཉེར་ཆེད་ དགོན་པར་འཛུལ་ཞུགས་བྱེད་དུ་འཇུག་པ་ཙམ་མ་ཡིན་པར། ཕ་ཤུལ་བུ་འཛིན་གྱི་ དམིགས་འབེན་དུ་བཟུང་སྟེ་གནའ་སྲོལ་ལྟར་བོད་ཡིག་འབྲི་ཀློག་སོགས་སློབ་གཉེར་ བྱེད་དུ་འཇུག་རྒྱུའི་ལམ་སྲོལ་བཟང་པོ་ཞིག་ཡོད། རང་ཉིད་ལ་ཆ་བཞག་ན་ལོ་ན་ དྲུག་ཙམ་ལ་སོན་སྐབས་ཡོངས་གྲགས་སློབ་གྲྭ་མེད་ཀྱང་དྲིན་ཅན་ཕ་མ་ནང་མི་རྒན་ གྲས་རྣམས་ཀྱི་ཐུགས་ཁུར་རྐང་ལེན་གནང་བའི་བཀའ་དྲིན་ལ་བརྟེན་ནས་གནས་ ཆེན་རྩིབས་རིའི་འདབས་འབྲེལ་དུ་ཡོད་པའི་སེང་གེ་བྲག་ཅེས་པའི་རི་ཁྲོད་དགོན་པ་ སྤྲོ་ཉམས་ཅན་དེའི་བླ་མ་ངེས་པ་དོན་གྱི་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དམ་པ་ སྐྱབས་རྗེ་སེང་བྲག་རིན་པོ་ཆེ་སྐུ་ཕྲེང་ལྔ་པའི་ལྷན་དུ་མི་ལོ་གཉིས་ཙམ་རིང་དགོན་ པ་དེ་རང་དུ་དགེ་རྒན་དགེ་སློང་ཉི་མ་རྡོ་རྗེ་ཞུ་བ་ཁོང་སྐུ་སྒེར་གྱི་གྲྭ་ཤག་ཏུ་རྟག་ བཅར་གྱིས་བོད་ཡིག་འབྲི་ཀློག་སློབ་གཉེར་བྱ་རྒྱུའི་གོ་སྐབས་ཐོབ་མྱོང་ཡོད། འོན་ ཀྱང་ཕྱི་ལོ་ ༡༩༥༩ ལོའི་དུས་འགྱུར་དབང་གིས་སློབ་གཉེར་བྱ་རྒྱུ་རེ་ཞིག་འཕྲོ་ཅན་ དུ་ལུས་པ་རྗེས་སུ་སྐྱབས་བཅོལ་ལ་འབྱོར་མ་ཐག་མཇུག་སྐྱོང་གོ་སྐབས་ཇི་ཐོབ་ སྐོར་གཤམ་དུ་འབྲེལ་ཆགས་ལེ་ཚན་ཟུར་དུ་འགོད་འཆར་ཡིན།
གུས་པའི་སྐྱེས་ཡུལ་གྲོང་སྡེ་ངམ་པ་ནི་ལ་སྟོད་ལྷོ་རྒྱུད། བོང་ཤོད་ལུང་དྲུག་ ཅེས། ངམ་པ། མེ་མོ། རྩ་བསྐོར། རློན་ཚོ། འཇའ་ལུང་། སྤང་ལེ་བཅས་གྲོང་གསེབ་
དྲུག་ལས་རྩྭ་ཐང་ཆུ་སོགས་བཟང་ཤོས་ཤིག་ཡིན་འདུག དེ་ཡང་དཔེ་མཚོན་ཙམ་ དུ་དགུན་དུས་གཡའུ་ཤར་ཞེས་པའི་འདབས་འབྲེལ་གྲོང་གསེབ་ཀྱིས་ངམ་པར་རྩྭ་ རིན་སྐྱེལ་དུ་ཡོང་སྟེ། སྔར་གྱི་རྒྱ་ལ་ཆེན་པོ། ད་ཡི་ཐུགས་རྗེ་ཆེན་པོ། ཞེས་བཀའ་ དྲིན་གྱི་མཚོན་དོན་དུ་བརྗོད་སྲོལ་ཡོད་འདུག ལུང་དྲུག་ཅེས་པ་ས་རྩིས་རྟ་ཟམ་ཆེ་ མོ་ཞེས་གཞུང་ཁྲལ་རྒྱུག་ལམ་ཆེ་མོ་འཁེལ་ཡུལ་ལ་གོ་དགོས།
བོང་ཤོད་ཅེས་པ་ཡང་ལ་སྟོད་གནས་ཆེན་རྩིབས་རིའི་ཕྱོགས་བཞི་ནས་ དབྱར་དགུན་མེད་པར་རྒྱུན་འབབ་ཆུ་ཆེན་བཞིའི་ནང་གསེས། བོང་ཆུ་གཙང་པོའི་ རྒྱུད་དུ་ཆགས་པའི་གྲོང་སྡེ་ལ། བོང་ཤོད་ཁུལ་གྱི་ཡུལ་ལུང་དུ་གྲགས་པ་ཞིག་ཡིན་ པ་ཡང་། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་མཆོག་བོང་ཤོད་ཁུལ་འདིར་ འཁྲུངས་པའི་མཁས་པ་ཞིག་ཏུ་སོང་བོང་མཁས་པ་ཞེས་གྲགས་ཤིང་། ཕྱིས་བོང་ ཞེས་པ་བོད་ཅེས་པར་གྱུར་ནས། བོད་མཁས་པར་གྲགས་པ་ལ་རྒྱལ་བ་ལྔ་པ་ཆེན་ པོས་བཀའ་འདྲི་གནང་ལན་དུ་ཞུས་ཚུལ། མཁས་དབང་བར་ཞི་ཕུན་ཚོགས་དབང་ རྒྱལ་མཆོག་གིས་དྷ་ས་རིགས་སློབ་ཁང་དུ་བརྡ་སྤྲོད་རིག་གནས་སློབ་ཁྲིད་བཀའ་ དྲིན་བསྐྱངས་སྐབས་ཤིག་ཏུ་གསུངས་ཚུལ། ཕྲན་གྱི་གཅུང་པོ་དྷ་ས་རིགས་སློབ་ དཔེ་ཁྲིད་དགེ་རྒན་དགེ་བཤེས་རྒྱ་མཚོ་ལས་ཐོས། །
ང་ཚོའི་ཁྱིམ་ཚང་གི་མིང་ལ་དྲུང་འཚོ་ཟེར་ཞིང་། ཡོངས་གྲགས་ལ་ཡུལ་མིང་ དང་འདྲེས་ནས་ངམ་པ་དྲུང་འཚོ་ཞེས་འབོད་སྲོལ་ཡོད། དྲུང་འཚོ་ཟེར་བ་སྨན་པར་ གོ་དགོས་པ་བཞིན་ང་ཚོའི་ཁྱིམ་ཚང་འདི་བཞིན་སྨན་པའི་རྒྱུད་རྩ་ཞིག་ཡིན་པར་མ་ ཟད། ད་ཕན་མི་ཐོག་མང་པོའི་རིང་ཨེམ་རྗེའི་བརྒྱུད་རྩ་མ་ཆད་པར་ལ་སྟོད་དིང་རི་ དང་། ཆུ་དྲུག་ཁུལ་སོགས་སུ་ངམ་པ་དྲུང་འཚོའི་ཨེམ་རྗེ་ཞེས་བཟང་ཕྱོགས་ཀྱི་སྐད་ གྲགས་ཡོད་པ་ཞིག་ཡིན། ལོ་ལྟར་སྨན་རྩྭ་སྒྲུག་རྒྱུ་དང་། སྨན་རྡུང་བྱེད་སྒོ་སོགས་ ཆ་ཚང་ནང་ཁྱིམ་རང་ནས་འགན་ཁུར་རྐང་ལེན་བྱེད་པ་མ་གཏོགས་ཕྱི་ལོགས་ནས་
དངུལ་དངོས་རོགས་རམ་སྤྲོད་ལེན་བྱེད་སྲོལ་མེད། ནད་པ་བསྟེན་གཏུགས་བྱེད་ མཁན་སུ་འདྲ་ཞིག་ཡིན་ནའང་སྨན་རིན་དང་། བརྟག་དཔྱད་བྱས་གླ་སོགས་གཏན་ འབེབས་ལེན་སྲོལ་མེད། ཡིན་ནའང་ནད་པའི་ནད་རྒྱུན་རིང་ཐུང་དང་ནང་གི་སྐྱིད་ སྡུག་དཔལ་འབྱོར་ལ་གཞིགས་པས་སོ་སོས་བློས་བཅད་དངུལ་དངོས་ཕྲན་བུ་སྨན་ དོད་ཚུལ་དུ་སྤྲོད་ལེན་བྱེད་སྲོལ་ནི་སྔར་བོད་ཀྱི་སྨན་པའི་འགྲོ་སྟངས་སྤྱི་མཚུངས་
རེད་སྙམ།
ང་ཚོའི་ཁྱིམ་ཚང་ནང་རྒྱུན་གཏན་ཕ་མ་གཉིས་ཀྱིས་གཙོས་སྤུན་མཆེད་ཆེ་ ཆུང་དང་། ཨ་ཁུ་ཨ་ནེ་སོགས་འདོད་གཅིག་ནང་མི་བཅུ་བཞི་སྐོར་དང་། ཞིང་ལས་ སོགས་ཀྱི་ལས་ཁུར་རྐང་ལེན་བྱེད་མཁན་གཏན་འཇགས་ལས་མི་གཡོག་པོ་བདུན་ ཙམ་དང་། ནང་གི་ཨ་མར་ནང་ལས་བྱེད་རོགས་ལས་མི་གཡོག་མོ་གཅིག་བཅས་ ཡོད། ནང་མིའི་འཚོ་རྟེན་སོན་ཁལ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་འདེབས་འཛུགས་ བྱེད་སའི་ས་ཞིང་དང་། ར་ལུག་གྲངས་ཆིག་སྟོང་བརྒྱད་བརྒྱ་ཡས་མས་ཙམ་དང་། དེའི་ནང་ནས་མང་ཆེ་བ་ལུག་ཡིན། གཡག་གྲངས་ཉི་ཤུ་རྩ་གྲངས་སྐོར་དང་། བཞོན་ རྟ་སྤུས་ལེགས་བདུན་བརྒྱད་ཙམ། བ་ཕྱུགས་དང་མཛོ་མོ་གྲངས་བརྒྱད་དགུ་ཙམ་ བཅས་ཡོད། ཡུལ་ལུང་འདིའི་ཆགས་ཡུལ་གནས་བབས་ཀྱིས་ཡུལ་མི་སྤྱི་མཚུངས་ ལྟར་ཞིང་འབྲོག་གཉིས་ཀ་གཉེར་ཏེ་འཚོ་བའི་རྟེན་གཞི་གཙོ་བོ་གྲོ་ནས་སྲན་གསུམ་ དང་། ཤ་མར་ཐུད་གསུམ་གྱི་རོ་བཅུད་ལ་སྤྱོད་མཁན་ཤ་སྟག་ཡིན་སྟབས་ས་མ་ འབྲོག་གི་ཡུལ་སྡེ་ཞིག་ཡིན་པར་ངོས་འཛིན་བྱེད། །
ས་ཞིང་དང་། ར་ལུག་སེམས་ཅན་ལ་བརྟེན་ནས་བྱུང་བའི་དཀར་ཕྱུར་ཤ་མར་ བལ་ལ་སོགས་པའི་ཡོང་འབབ་ཐོག་ནས་ནང་མིའི་འཚོ་བའི་རྟེན་གཞི་གཞན་བརྟེན་ མི་དགོས་པར་འགྲིག་ངེས་ཡོད། ལོ་ལྟར་བོད་ཟླ་བཅུ་གཅིག་ནང་། དུས་བཤས་
ཞེས་ལུག་བརྒྱ་སྐོར་ཙམ་དང་། བ་གླང་ངམ་གཡག་རྒན་གྲས་གཉིས་གསུམ་རེ་ བསད་པའི་ཤ་འཁྱགས་སྐམ་བཏང་གིས་ལོ་འཁོར་མའི་དགོས་མཁོར་བེད་སྤྱོད་ བྱེད་ཅིང་། སེམས་ཅན་གསོད་ཁར་བྱིན་རྟེན་ཆུའི་ནང་སྦངས་པའི་ཁུ་བ་ཐུར་མ་རེ་ སེམས་ཅན་དེའི་ཁ་ནང་དུ་བླུགས་པའི་ཐོག་བཀའ་འགྱུར་བོད་གཅིག་མཇིང་པའི་ སྒང་ལ་བཞག དེ་ནས་བཤན་པས་སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ ཐུབ་པ་ལ་ཕྱག་འཚལ་ལོ་ཟེར་བཞིན་དུ་གསོད། སྤྱིར་བཏང་ནམ་རྒྱུན་ནང་གི་ཡང་ སྟེང་དུ་ཡོད་པའི་མཆོད་ཁང་ནང་གི་རྟེན་གཙོ་རྗེ་བཙུན་སྒྲོལ་མ་བྱིན་ཅན་ཞིག་གིས་ གཙོས་པའི་སྤྱན་སྔར་དངུལ་ཀོང་ཆེན་པོ་རྒྱུན་འཛུགས་ལ་མར་མེ་ཆད་མེད་དང་། ལི་ཏིང་ཆེ་ཆུང་བདུན་ཚར་གསུམ་བཞི་ཙམ་ཡོད་པར་ཉིན་ལྟར་ཡོན་ཆབ་འབུལ། ལོ་རེའི་ས་ག་ཟླ་བའི་ནང་ཉེ་འབྲེལ་ནེའུ་སྟེང་ངམ་ནེ་རང་དགོན་པ་དང་། དགོན་པ་ ཕུག་བཅས་ནས་དགེ་བདུན་པ་བཅུ་གྲངས་གདན་འདྲེན་ཞུས་ཏེ་བཀའ་འགྱུར་དང་། བསྟན་འགྱུར་དག་ཚར་ཀློག་སྲོལ་ཡོད། ལྷག་པར་དུས་ཤས་ཉིན་མོ་དེར་མཆོད་ ཁང་ནང་དམིགས་བསལ་མཆོད་མེ་འབུལ་བ་དང་། སྨོན་ལམ་འདོན་པ་སོགས་བྱེད་ པ་སེམས་ཅན་བསད་པའི་སྡིག་བཤགས་ཡིན་ཁུལ་བྱེད།
ས་ཞིང་འདེབས་ལས་རིགས་ཆར་ཆུ་ཁོ་ནར་རེ་སྒུག་མ་དགོས་པར་ཞིང་ཆུའི་ མཐུན་རྐྱེན་ལྡེང་ངེས་ཡོད་སྟབས་ཐན་པས་སྟོན་ཉེས་འབྱུང་རྒྱུའི་ཉེན་ཁ་མེད་ཀྱང་ སེར་བ་དང་། སད་སྐྱོན་སོགས་འབྱུང་བའི་གནོད་ཚབས་ཐོག་ནས་མུ་གེ་སོགས་ འབྱུང་རྒྱུའི་ཉེན་ཁ་མེད་པ་མིན་སྟབས་དེའི་ཉེན་སྐྱོབ་སླད་ལོ་རེའི་ཐོན་སྐྱེད་ཐོག་ ནས་འབྲུ་རིགས་མི་ཉུང་བ་ཞིག་ལོ་ལྟར་བཀར་འཇུག་རྒྱག་སྲོལ་ཡོད་པ་བཞིན་ནང་
གི་གཉེར་ཚང་ནང་མ་ནང་མར་ལོ་མང་གསོག་འཇོག་བྱས་པའི་འབྲུ་རིགས་བང་ མཛོད་མང་པོ་མཐོང་རྒྱུ་ཡོད། དེ་བཞིན་ནང་གི་ཤ་ཁང་ནང་སྐམ་ཤ་དང་། འཁྱགས་
པ་བརྒྱབ་པའི་ཤ་ལོ་འཁོར་ལྡེང་ངེས་བེད་གཏོང་བྱེད་རྒྱུ་ཡོད། སྐབས་དེ་དུས་ང་ ཚོའི་ཡུལ་ལུང་སྟོད་སྨད་གང་སར་དེང་སང་གི་ཨ་རག་ཝིཀི་ལྟ་བུ་གོ་མྱོང་མཐོང་ མྱོང་རིགས་མེད་ཀྱང་སྤྱིར་བཏང་རང་རང་སོ་སོའི་ནང་ཁྱིམ་དུ་བཟོས་པའི་ནས་ ཆང་འཛད་མེད་འཐུང་རྒྱུ་ཡོད་པར་མ་ཟད། ཕྱི་ལོགས་ནས་ངོ་ཤེས་འགྲུལ་པ་ཙམ་ མ་ཡིན་པར་ངོ་མི་ཤེས་པའི་མི་སྣ་སུ་འདྲ་ཞིག་སྒོ་འགྲམ་དུ་སླེབས་འབྱོར་བྱུང་ རིགས་ལ་ཇ་འཐུང་ཆང་འཐུང་ཟེར་ནས་སྟེར་རྐྱང་བྱེད་པ་མ་གཏོགས་ཁ་སྟོང་པར་ མི་གཏོང་ཟེར་སྲོལ་ཡོད་པའི་གོམས་གཤིས་བཟང་པོ་ལག་བསྟར་བྱེད་ཀྱི་ཡོད་པ་ ཡོངས་གྲགས་ཡིན།
དེ་སྔའི་བོད་ནང་གི་ཡུལ་ལུང་སོ་སོའི་འགྲོ་སྟངས་ལ་ཁྱིམ་ཚང་སོ་སོའི་སྒོ་ སྲུང་དམིགས་སྒོ་ལྟ་བུར་འདོགས་ཁྱི་ཉར་སྲོལ་དར་ཁྱབ་ཆེན་པོ་ཡོད། ང་ཚོའི་ ཁྱིམ་ཚང་གི་མདུན་སྒོ་ཨ་མ་དང་། ལྟག་སྒོ་གཉིས་ཀྱི་ཉེ་འཁྲིས་སུ་འདོགས་ཁྱི་ བརྗིད་ཉམས་ཅན་རེ་ལྕགས་ཐག་གིས་བཏགས་ནས་ཡོད་པ་དེ་གཉིས་ནས་ཉིན་ མཚན་ཁོར་ཡུག་ཏུ་ཁྱིམ་ཚང་ནང་ཕྱི་ལོགས་ནས་མི་གང་བྱུང་འཛུལ་ཐལ་བཀག་ འགོག་སྟངས་འཛིན་བྱེད་རྒྱུར་ཕན་ཐོགས་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་ ཀྱི་ཡོད།
ངམ་པ་གྲོང་སྡེ་ཕུ་མདོ་གཉིས་ལ་ཁྱིམ་ཚང་ཐེམ་དུད་ ༥༠/༦༠ ཙམ་དང་། སྐབས་དེའི་མི་འབོར་རོབ་རྩིས་གྲངས་ ༢༠༠/༣༠༠ ཙམ་ཡོད། དེའི་ཁོངས་གཞུང་ ཁྲལ་རྒྱུགས་དགོས་མཁན་ཁྱིམ་ཚང་བཅུ་ཡོད། ཁྲལ་ཆེ་ཤོས་ཡན་གཅོད་ཚ་ཤོ་ ནས་ལོ་གཅིག་ནང་ཁལ་རྒྱབ་བརྒྱ་ཙམ་ངམ་པ་ནས་མེ་མོ་བར་སྐྱེལ་འདྲེན་བྱེད་ དགོས་ཀྱི་ཡོད། དིང་རི་དམག་སྒར་ལ་ངམ་པ་ཡུལ་སྤྱི་ནས་དམག་རྐང་གཉིས་འཁྲི་ རྒྱུགས་དགོས་པ་ནས་གཅིག་ངམ་པ་དྲུང་འཚོའི་ཁྱིམ་ཚང་རང་ལ་གྲོང་དྲག་དམག་ རྐང་ཞེས་འཁྲི་རྒྱུགས་དགོས་པ་ཡིན།
པ ཧཱ དབུ་། པདཀན་པ་ཨ ཡན ་སྒྱུ་་
ཡུལ་མིའི་འཚོ་རྟེན་གཙོ་བོ་ས་མ་འབྲོག་ཡིན་ཞིང་། གནམ་གཤིས་གྲང་ངར་ ཆེ་བ་སོགས་ཀྱི་རྒྱ་མཚན་ལ་བརྟེན་ནས་ལོ་རེའི་ནང་སྟོན་ཐོག་ཐེངས་གཅིག་རེ་མ་ གཏོགས་འདེབས་ལས་བྱེད་ཐུབ་ཀྱི་མེད། སྤྱི་ཡོངས་ནས་བྱས་ན་ས་བཅུད་བཟང་ ལ༑ ཞིང་ཆུའི་མཐུན་རྐྱེན་ཡོད་པ་དང་། ལྷག་པར་ལུད་སྦྱོར་རིགས་ལུག་གི་རིལ་ མ་དང་། བ་ཕྱུགས་ཀྱི་ལྕི་བ་སོགས་སྲོལ་རྒྱུན་ཁོ་ནར་བརྟེན་པ་མ་གཏོགས་རྫས་ ལུད་རིགས་དེ་སྔ་བེད་སྤྱོད་གཏོང་རྒྱུ་ཕར་བཞག གོ་མྱོང་མཐོང་མྱོང་ཙམ་ཡང་ མེད་སྟབས་ས་ཞིང་གི་ལོ་རེའི་ཐོན་འབབ་ཧ་ཅང་ཆེ་ལ་མིའི་གཟུགས་པོར་གནོད་ ཚབས་འབྱུང་གཞིའི་རིགས་མེད་པར་བཅུད་ལྡན་ཤ་སྟག་ཡིན་པར་ངོས་འཛིན་ བྱེད། ང་ཚོའི་ལུང་པར་སྟོན་འབྲས་གཙོ་ཆེ་ཤོས། ནས་དཀར་ནག་དང་། སྲན་ མ༑ གྲོ། བྲའོ། པད་ཁ། ཡུངས་དཀར། ཞོག་ཁོག ལ་ཕུག ཉུངས་མ། པད་ཚལ་ སོགས་དང་། རང་བྱུང་བདག་ཏུ་མ་བཟུང་བའི་བཟའ་བཅའི་རིགས་ནི་སྤང་ལྗོངས་ སྔོན་མོ། སེར་ཤ དཀར་ཤ སྨུག་ཤ བྲག་ཤ་ཐུལ་ལུ། ཀུམ་བུ་ལུ་ག ཕ་ཝང་སྒོ་ ཏི། ཟ་དང་ཟུ། ཟ་འབྲུམ། རི་སྒོག སྣེ་ཚོད། གྲོ་མ་སོགས་བཟའ་བཅའི་རིགས་མང་ པོ་མཐོང་རྒྱུ་ཡོད།
དེ་བཞིན་གྲོང་སྡེའི་ཁྱིམ་ཚང་སོ་སོར་བདག་ཐོབ་ཡོད་པའི་ར་ལུག་སེམས་ ཅན་འཚོ་གནས་བྱེད་ཡུལ་རྩྭ་ཐང་གཞི་རྒྱ་ཆེན་པོ་ཡོད། ཡུལ་མི་ཚོའི་འཚོ་བའི་རྟེན་ གཞི་ཞིང་ལས་དང་། འབྲོག་ལས་ཁོ་ནར་བརྟེན་པ་མ་གཏོགས་ཚོང་ལས་ཀྱི་རིགས་ ལ་དམིགས་བསལ་དོ་སྣང་བྱེད་མཁན་དཀོན་ཙམ་ཡིན། ཡ་མཚན་ཆེ་བ་ཞིག་ལ་ གྲོང་སྡེའི་ནང་སྤྱིར་བཏང་དགོས་མཁོ་ཉོ་སྒྲུབ་བྱེད་སའི་ཚོང་ཁང་དང་ཟ་ཁང་རིགས་ མཐོང་རྒྱུ་མེད།
ཡུལ་མིའི་གོམས་གཤིས།
སྤྱིར་བཏང་འགྲོ་བ་མིའི་གོམས་གཤིས་བཟང་ངན་ག་འདྲ་ཞིག་ཡིན་ན་ཡང་ མི་རབས་ནས་མི་རབས་རྒྱུན་འཇགས་ཡོང་བ་ཞིག་ཡིན། འོན་ཀྱང་དུས་དང་། ནང་སེམས་ཀྱི་འགྱུར་འགྲོས་ཆེས་མྱུར་ཞིང་རྙོག་ཟིང་ཆེ་བས་དེ་དག་གི་རྗེས་སུ་ འབྲངས་པའི་ཡུལ་སྲོལ་གོམས་གཤིས་རྣམས་མཐའ་གཅིག་ཏུ་ངེས་བཟུང་གིས་ མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་ཁྱབ་པ་མེད། རང་ཅག་ཁ་བ་གངས་ཅན་པ་ རྣམས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་རིགས་ལས་ཆད་པས་སྙིང་རྗེ་ཆེ་ལ། བཟོད་ སྲན་ཐུབ་པ། ཤེས་པ་བཀྲ་ལ་གཟུགས་མཛེས་པ། ཤིང་འབྲས་ལ་དགའ་བ་སོགས་ དང་། མ་བྲག་སྲིན་མོའི་རིགས་ལས་ཆད་པས། ནང་མི་སྤུན་མཆེད་ལ་བརྩེ་དུང་ཆེ་ ཞིང་། ཤ་ཁྲག་ལ་དགའ་བ་བཅས་ཡོད། འོན་ཀྱང་ནང་གསེས་བོད་ཆོལ་ཁ་གསུམ་ གྱི་མི་རྣམས་གཤིས་སྤྱོད་མི་འདྲ་བ་མང་པོ་ཡོད་ཅིང་། དབུས་གཙང་གི་མི་རྣམས་ ཆོས་ལ་དད་པ་ཆེ་བ། མི་གཤིས་འཇམ་པ། དྲན་སྐྱེན་པ། ཕྱི་ཐག་རིང་ཞིང་ཞལ་ གསང་བ་བཅས་དང་། མདོ་སྟོད་ཁམས་ཀྱི་མི་རྣམས་དཔའ་ངར་ཆེ་ལ། དྲང་ཚུགས་ ཐུབ་པ། བློ་བརྟན་པ། མདོ་སྨད་ཨ་མདོའི་མི་རྣམས་ཤེས་པ་བཀྲ་བ། སྤྲོ་ཐུང་བ། སྡུག་སྲན་ཐུབ་པ་སོགས་ཡོད་སྐད།
བྱེ་བྲག་གཙང་གི་རུ་ལག་ལ་སྟོད་ལྷོ་དིང་རི་ཁུལ་གྱི་མི་རྣམས་རྒྱུད་དྲང་ཞིང་། མི་གཤིས་འཇམ་པ། ཕྱི་ཐག་རིང་ཞིང་། སྙིང་རྗེ་ཆེ་བ། སྡིག་ལ་འཛེམ་པ་སོགས་ ཡོད་ཀྱང་། རང་ཚུགས་ཐུབ་པ། བློ་སྟོབས་དང་། དཔའ་ངར་ཆེ་བ། སྡུག་སྲན་ཐུབ་ པ༑ རིགས་ཞེན་ཆེ་བ་བཅས་ནི་དཀོན་ཙམ་ཡིན་ཟེར།
སྔ་རབས་རྡོ་རྩིག་ཁོ་ནའི་ཁང་པ་ཐོག་བརྩེགས་བཞི་ལྔ་ཙམ་བྱུང་འདྲའི་གྱུང་ རོ་དུས་དེང་སང་ཡང་ང་ཚོའི་ལུང་པར་མཐོང་རྒྱུ་ཡོད། དུས་རབས་བཅུ་དགུ་པའི་
ནང་ས་ཕག་རྒྱག་རྒྱུའི་འགོ་བཙུགས་བར་མ་ཟད། མི་རྣམས་ཤེས་རིག་བཀྲ་རུ་སོང་ སྟེ་ཡར་རྒྱས་ཀྱི་རྣམ་པ་ཇེ་མཐོ་ཇེ་མཐོར་སོང་ཡོད། དཔེར་ན། ལ་སྟོད་ཁུལ་གྱི་ཁང་ པའི་བཟོ་དབྱིབས་ནི་ཁང་པ་མང་ཆེ་བ་གྲུ་བཞི་ལ་ཅུང་ཟད་ཀྱོག་ཙམ་ཡོད། ཁྱིམ་ ཚང་འབྱོར་ལྡན་རྣམས་ཀྱིས་རྒྱས་སྤྲོས་མཚན་ཉིད་དང་ལྡན་པའི་དབང་དུ་བྱས་ན། ཤར་ལྷོ་མེ་ལྷའི་སྟེང་དུ་ཐབ་ཚང་དང་། ལྷོ་ཕྱོགས་གཤིན་རྗེའི་ཁ་རུ་ཤ་ཁང་། ལྷོ་ ནུབ་སྲིན་པོའི་ཁ་རུ་གསང་སྤྱོད། ནུབ་ཕྱོགས་ཀླུ་སྲིན་ཁ་རུ་མཆོད་ཁང་། ནུབ་བྱང་ རླུང་ལྷའི་ཁ་རུ་བལ་ཁང་། བྱང་ཕྱོགས་རྣམ་སྲས་ཁ་རུ་བང་མཛོད། བྱང་ཤར་དབང་ ལྡན་ཁ་རུ་གཟིམ་ཆུང་། ཤར་ཕྱོགས་དབང་པོའི་སྒོ་ལམ། སྟེང་དུ་ཉི་ཟླའི་བསང་བུམ། ཁང་པའི་དཀྱིལ་དུ་སའི་ལྷ་མོའི་བཞུགས་གནས་ཉི་ར་ཀ་བཞི་གདུང་བརྒྱད་བཅས་ འཇིག་རྟེན་སྐྱོང་བའི་ཆོས་སྐྱོང་བཅུའི་མཚོན་བྱེད།
ཕྱོགས་བཞི་དང་དཀྱིལ་དུ་ས་བཅུད་བུམ་པ་བཅུག རྡོའི་སྐས་འཛེག་དང་ཤིང་ གི་འགམ་བསྒྲས་གང་ཡིན་རུང་ཁང་པའི་རིང་ཐུང་ལ་གཞིགས་པའི་གྲངས་ཚད་ནི་ རྟེན་འབྲེལ་མཚོན་བྱེད་དུ། དགའ། སྡུག སྐྱིད་ཀྱི་གྲངས་འདྲེན་བྱས་ཏེ་མཐར་སྐྱིད་ དུ་མཇུག་རྫོགས་པར་འཇོག་སྲོལ་ཡོད། དེ་ནས་འོག་ཐོག་རྣམས་ཆུའི་སྲུང་བྱེད་ རྡོ་རྩིག ཁང་པ་ཕལ་ཆེར་ཐོག་བརྩེགས་ཉིས་ཐོག་ཅན་ཤ་སྟག་རྒྱག་ཅིང་། དེ་ལ་ གདུང་མ་རྒྱལ་པོའི་ཚུལ་ཏེ་ནོན་པའི་ཚུལ། ཀ་གཞུ་བཙུན་མོའི་ཚུལ་ཏེ་མཛེས་པའི་ ཚུལ། ཀ་བ་བློན་པོའི་ཚུལ་ཅན་བརྟེན་པའི་ཚུལ། ལྕམ་རྣམས་འབངས་མི་སེར་ཚུལ་ ཏེ་བསྒྲིགས་པའི་ཚུལ། མཆོད་ཁང་ལ་པད་མ་མཆོད་བརྩེགས། རྒྱ་ཁུང་ལ་བདེ་ཕུར་ ཉི་བརྩིགས་དང་། ཕྲ་གླིང་ཤེལ་སྒོ། ཐོག་ཁར་རྒྱལ་བ་རིགས་གསུམ་མགོན་པོའི་ལྷ་ བཙུགས་གསུམ། བྱང་ཤར་དུ་ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་དབྱངས་ལྷ་བཙུགས་ དམར་པོ། ཤར་ལྷོ་རུ་སྙིང་རྗེའི་ལྷ་སྤྱན་རས་གཟིགས་ཀྱི་ལྷ་བཙུགས་དཀར་པོ། ལྷོ་
ནུབ་ཏུ་བདུད་དཔུང་འདུལ་བའི་མཐུ་སྟོབས་ལྷ་ཕྱག་ན་རྡོ་རྗེའི་ལྷ་བཙུགས་ནག་པོ། དེའི་སྟེང་ཚོན་སྣ་ལྔའི་དར་ལྕོག ཁང་པའི་སྟེང་དུ་བད་ཕུར་དང་སྤེན་པད་ཚུལ་དུ་ས་ ནག་ཁྲུ་ཕྱེད་དོ་ཙམ། དེའི་ཕྱོགས་བཞིར་རྒྱལ་བ་རིགས་གསུམ་མགོན་པོའི་མཚོན་ བྱེད་དམར་པོ། དཀར་པོ་ནག་པོ་བཅས་ཞེང་དུ་མཐོ་གང་ཙམ་དང་རིང་ཐུང་ཁྲུ་ཕྱེད་ དོ་ཙམ་ཁྲ་བུང་ངེ་སྒོ་ཐོད་དུའང་གནོད་སྲུང་རྒྱལ་བ་རིགས་གསུམ་མགོན་པོ་མིའི་ རྣམ་པར་རོལ་བ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཀའ་དྲིན་རྗེས་དྲན་དང་། ཆོས་དང་མཐུན་པའི་བྱ་བ་ཤ་སྟག་ཡིན་པས་རྗེས་དྲན་གནང་འོས་པ་ཡིན།
བོད་ཟླ་ ༦ ཚེས་འགོར་བོང་ཆུའི་ཕ་རོལ་གྱི་རི་རྩེར་ཡོད་པའི་ཡུལ་སྤྱིའི་ཕོ་ ལྷ་ཁྲ་དུང་དཀར་པོའི་རྟེན་མཁར་རམ་ལྷ་ཚུགས་ཡོད་སར་ཡུལ་མི་རྣམས་གཟབ་ མཆོར་ལེགས་པར་བྱས་ནས་འདུ་འཛོམས་ཐོག་ཕོ་ལྷ་གསོལ་མཆོད་ལེགས་པར་ བགྱིས་རྗེས་ཡུལ་དུ་ལོག་ནས་རྟ་རྒྱུག་གཏོང་བ་དང་། གཞས་དང་ཞབས་བྲོ་རྒྱག་ པ་སོགས་དགའ་སྤྲོའི་དཔལ་ལ་རོལ་སྲོལ་ཡོད།
བོད་ཟླ་ ༦ ཚེས་ ༤ ཉིན་སེར་བ་སྲུང་བྱེད་བྱ་ནང་ཀུན་དགའི་སྐུ་བརྙན་ དང་། དུང་དཀར། ཆོས་པོ་ཏི་བཅས་རྒྱབ་ལ་ཁུར་ནས་ཡུལ་མི་ཚང་མ་ཆོས་སྐོར་ ཞེས་ཡུལ་སྤྱིའི་ཞིང་སྐོར་ལ་འགྲོ་བཞིན་པར་ལོ་ལེགས་ཕུན་སུམ་ཚོགས་པའི་སྨོན་ འདུན་བྱེད་པ་དང་ཆབས་ཅིག ཤར་ལུང་དགོན་པ་ནས་གྲྭ་པ་གདན་འདྲེན་ཞུས་ ནས་ཡུམ་སྒྲོག་དང་། ཡུལ་གྱི་ཕོ་ལྷ་མཆོད་པ་སོགས་བྱེད།
ལོ་ཏོག་སྨིན་མཚམས་ཡུལ་མི་རྣམས་ཚང་འཛོམས་ཐོག་ལོ་ཕུད་ཡུལ་གྱི་ ཕོ་ལྷ་ཁྲ་དུང་དཀར་པོར་ཕུལ་རྗེས་བཙས་མ་བརྔ་རྒྱུས་མཚོན་རྩྭ་སོགས་བསྒྲུག་ རྒྱུ་འགོ་འཛུགས་བྱེད་པ་དང་ཆབས་ཅིག་དགུན་ཁ་གནམ་གཤིས་གྲང་ངར་ཆེ་བའི་ སྐབས་སེམས་ཅན་འཚོ་རྟེན་རྩྭ་བཀར་འཇུག་རྒྱག་གི་ཡོད།
སྐོར་ཆེན་ཞེས་འགྲོ་སྲོལ་ཡོད་པ་ནི། ཡུལ་མི་རྣམས་ཀྱིས་ལོ་ལྟར་ས་ཞིང་ འདེབས་སྒོ་ཚར་རྗེས། ས་ཟླའི་དུས་ཆེན་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་བདག་ ཅག་གི་སྟོན་པ་བཀའ་དྲིན་ཅན་སྐུ་བལྟམས་པ་དང་། རྫོགས་སངས་རྒྱས་པ། སྐུ་ཞི་ བར་གཤེགས་པ་བཅས་དུས་ཆེན་ཁྱད་པར་ཅན་གསུམ་འཛོམས་དང་བསྟུན་ནས་ ཉིན་ཞག་བདུན་རིང་ཡུལ་མི་ཁྱོན་ཆེ་མཉམ་ཞུགས་ཀྱིས་གནས་ཆེན་རྩིབས་རི་ལ་ སྐོར་ཆེན་དུ་འགྲོ་སྲོལ་ཡོད་ཅིང་། སྐོར་ཆེན་ལ་འགྲུལ་བཞུད་སྐབས་ལམ་བར་དུ་ སྐོར་ཆང་གཏོང་རྒྱུས་མཚོན་གྲ་སྒྲིག་བྱེད་སྒོ་འགན་འཁུར་རྐང་ལེན་བྱེད་མཁན་སྐོར་ ཆེན་ལས་པ་ཞེས་མི་ཚང་ཁྱིམ་དུད་ཆེ་བ་གཉིས་དང་། ཁྱིམ་དུད་ཆུང་བ་གཉིས་རེ་ལོ་ ལྟར་རེ་མོས་ཀྱིས་བསྐོ་གཞག་བྱེད་ཀྱི་ཡོད།
འགན་འཁུར་ཚོགས་ཆུང་དེའི་མཐུན་རྐྱེན་དམིགས་སྒོར་སྐོར་ཆེན་ལས་ པའི་ཞིང་ཁ་ཞེས་དམིགས་བཀར་ཡོད་པས། སྐོར་ཆེན་ལས་པར་ཁེལ་བའི་ལོ་དེའི་ ཚོགས་ཆུང་དེས་ས་ཞིང་འདེབས་ལས་བྱེད་དགོས་པ་དང་། སྐོར་ཆེན་སྐབས་སྐོར་ ཆེན་ལས་པ་ཚོས་ཆང་འབྲུ་སོགས་གྲ་སྒྲིག་ལེགས་པར་ཟིན་རྗེས་ན་གཞོན་ཕོ་མོ་ རྣམས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་པ་དང་། རྒན་འཁོགས་རྣམས་འགྲོ་སྐྱོད་ དཀའ་ཚེགས་ཆེ་ཡང་གནས་དེར་དད་འདུན་ཆེ་བས་འགྲོ་སྲོལ་མང་། རྟ་གླིང་ཁལ་ མ་དང་བཅས་ངམ་པ་ནས་མཉམ་ཐོན་བྱེད་པ་དང་། ཉིན་ལྟར་ཉིན་ཕྱེད་ཙམ་ལ་ཚ་ ཕོགས་དང་། དགོང་དྲོ་ཞག་སྡོད་བྱེད་ཡུལ་བཅས་པར་སྐོར་ཆེན་ལས་པས་སྐོར་ཆང་ ནར་གཏོང་བྱེད་དགོས་པ་བཅས་དགའ་སྤྲོའི་དཔལ་ལ་རོལ་བཞིན་སྐོར་ཆེན་དུ་འགྲོ་ གི་ཡོད། བོང་ཆུ་བརྒལ་ནས་གནས་ཀྱི་ལམ་སྣེ་ཟིན་མཚམས་དེ་ནས་གནས་ཆེན་ རྩིབས་རི་ལ་ཕྱག་མང་དུ་ཕུལ་བཞིན་མི་སྣ་རྒན་གཞོན་ཚང་མས་རང་རང་སོ་སོའི་ སྨོན་ལམ་གང་ཤེས་ཀྱིས་མཚམས་སྦྱོར་བྱེད་པ་དང་། དེ་ནས་རྩིབས་རིའི་གནས་ཀྱི་
དགོན་སྡེ་ཁག་ལ་མཆོད་འབུལ་དང་། མཆོད་མཇལ་སྨོན་ལམ། ལྷ་གདོང་དཔལ་གྱི་ དགོན་པ་དང་། གསང་གསུམ་སྒྲོལ་མ་གསུང་བྱོན། རྒྱལ་བ་རྒོད་ཚང་པའི་སྐུ་འདྲ་ བྱིན་ཅན་བཅས་ལ་མཆོད་མཇལ་དང་མཆོད་འབུལ་རྒྱ་གང་ཆེ་བྱས་ཏེ་རྩིབས་རིར་ བསྐོར་བ་རིམ་གྱིས་བསྐོར་ནས་མཐའ་མར་བདུན་གཅིག་རིང་དཀར་པོ་དགེ་བའི་ས་ བོན་མང་དུ་བསྐྲུན་པར་བསྔོ་སྨོན་མཚམས་སྦྱོར་དང་སྦྲགས་ཉིན་མཐའ་མར་རྩ་སྐོར་ དུ་དགོང་ཞག་སྡོད་ཅིང་། དེའི་ཕྱི་ཉིན་མེ་མོ་བརྒྱུད་ངམ་པ་རུ་འབྱོར་མཚམས་གདོང་ བསུའི་སྐྱེལ་ཆང་བཞེས་ནས་ཁྱིམ་ཚང་དགའ་ཉེ་ཚོ་ཁག་བྱས་ནས་གདོང་ཆང་ཞེས་ ཐུགས་སྤྲོ་གཏོང་སྲོལ་ཡོད། གདོང་ཆང་རྒྱག་སྐབས་ཕྲུ་གུ་ཕོ་འཐེབ་རྡོག་སོགས་བུ་ ཡོད་པའི་ཁྱིམ་ཚང་ནས་ཆང་ཚད་གཅིག་རེ་སྐོར་ཆེན་ལས་པར་འབུལ་དགོས། དེ་ ག་ནང་བཞིན་གདོང་ཆང་སྐབས་སུ་ནེའུ་སྟེང་དགོན་པ་ནས་དགེ་འདུན་པ་བཞི་གྲ་ གཉིས་ཙམ་གདན་འདྲེན་ཞུས་ནས་ཚོགས་མཆོད་ཉིན་གསུམ་འབུལ་བ་དང་ཆབས་ ཅིག་ཡུལ་མི་མང་ཚོགས་ནས་ཆང་སོགས་གང་འདོད་བཞེས་ཏེ་དགའ་སྤྲོའི་དཔལ་ ལ་རོལ་རྒྱུའི་ལམ་སྲོལ་བཟང་པོ་ཞིག་ཡོད།
བོད་ལ་དུས་འགྱུར་མ་བྱུང་གོང་ལ་སྟོད་ཁུལ་གྱི་ཡུལ་མི་རྣམས་ཀྱི་ གྱོན་ཆས་དང་། རྒྱན་ཆ་གྱོན་སྟངས་སྐོར་རོབ་ཙམ་
གླེང་བ་གཤམ་གསལ། ། བུའི་གྱོན་ཆས།
བུ་རྣམས་ནས་དོར་མ་དོ་སྟ་ཅན་དེའི་ཁར་ཕྱུ་བ་རྒྱུན་གོས་རྒྱག་སྲོལ་ཡོད། དོར་མ་ནི། སྤུ་བྲུག་དོར་མ། ལུག་ལྕགས་དོར་མ། ར་ལྤགས་དོར་མ། ཤེར་མོའི་དོར་
མ༑ པུས་ཤུབས། གོས་ཆེན་དོར་མ། འགོ་སྣམ་དོར་མ། རས་ཀྱི་དོ་མ་སྣ་ཚོགས། འབུ་རས་ཝང་འཇུག གོས་ཆེན་ཝང་འཇུག གྲུའུ་ཙེའི་ཝང་འཇུག་ཚོན་སྣ། ཟོན་རྟ་ ཀོ་བརྩེགས་སམ། ཀོ་ལྷམ། ཀོ་ལྷམ་འཇའ་རིས་མ། ཕྱུ་པ་སྤུ་ཕྲུགས་རྒྱུ་ཚོས་དམར་ པོ༑ སྤུ་ཕྲུགས་སྐྱ་ཐུགས་དཀར་པོ་ལ་ཐིག་ཁྲའི་གོང་ཡན་ཅན། སྤུ་ཕྲུགས་རྒྱ་ཚོས་ ནག་པོ། གོས་ཆེན་གྱི་ཕྱུ་པ་འདྲ་མིན། སྣམ་ཐེར་ཕྱུ་པ་ནག་པོ། རས་ཐེར་ཕྱུ་པ་སྣ་ ཚོགས། གོས་ཆེན་ཚར་སློག་འགོ་སྣམ་ཕྱུ་པ་ཚོན་སྣ། གོས་ཆེན་སྟོད་ཐུང་ཚོན་ སྣ༑ ཤུར་མའི་སྟོད་ཐུང་སྣ་ཚོགས། བུ་རྣམས་སྐྲ་ལྷུག་བརྒྱབ་སྟེ་རྩེ་དམར་དམར་པོ་ འདོགས་སྲོལ་ཡོད།
བུའི་རྒྱན་ཆ།
གསེར་གྱི་རྣ་ལོང་། གཡུའི་རྣ་རྒྱན། སོག་བྱིལ། གཟི། བྱུ་རུའི་གཟི་འཁོར། བ་སོའི་སྒྲོ་གདུབ། བ་སོའི་མཐེབ་འཁོར་སོགས་བུའི་རྒྱན་ཆ་དང་། རྒྱུན་དུ་གནམ་ གཤིས་གྲང་ངར་ཆེ་བས། སྣམ་བུ་དང་། པགས་རིགས་མང་བ་གྱོན་སྲོལ་ཡོད། བཟོ་དབྱིབས་གོང་བ་ཅན་གྱི་ཕྱུ་པ། རྐེད་འཆིང་ཡང་ཟུར་བལྟབས་དང་། རྒྱབ་སུལ་ གཉིས་གཉིས་བཅིངས་སྲོལ་ཡོད་དོ།། བུ་མོའི་གྱོན་ཆས་རིགས།
སྤུ་ཕྲུགས་ཕུ་མེད། སྤུ་ཕྲུགས་ཕྱུ་པ། གོས་ཆེན་ཚོན་སྣ་ཕུ་མེད། འགོ་སྣམ་ འདྲ་མིན་ཕུ་མེད། རས་ཀྱི་ཕུ་མེད་འདྲ་མིན། སྣམ་ཐེར་ཕུ་མེད། རས་ཐེར་ཕུ་མེད། འབུ་རས་ཚོས་སྣ་ཝང་འཇུག གྲུ་ཙིའི་ཝང་འཇུག་སྣ་ཚོགས། རས་ཀྱི་ཝང་འཇུག་ སྣ་ཚོགས། དོག་པ་ཚོན་ཁྲའི་སྟོད་ཐུང་། ཐུན་མོང་མ་ཡིན་པའི་བུ་མོའི་སྟོད་དཀྲིས་
སམ་ཡུལ་དུ་སྒབ་བེ་བཀྲས་ལྗང་། ལྗང་ཁྲ། སེར་ཁྲ ནག་ཁྲ། རྒྱུ་ཚོས། དམར་ ཆུང་། བྱིའུ་ཁེབས། པང་གདན་སྣམ་བུ་འདྲ་མིན། སིང་ཤན་པང་གདན། གོས་ཆེན་ ཐིག་ཁྲའི་སྟེང་བརྩེགས། འགོ་སྣམ་ཟོན་རྟ་ལྷམ། ཟོན་རྟ་ཀོ་བརྩིགས་མ། ཀོ་ཟོན་ འཇུར་རྟ་འདྲ་མིན། ཞྭ་མོ་ཚེ་རིང་སྐྱིན་ཁེབས། རྒྱ་སེར་མོ་ཞྭ་བཅས།
བུ་མོའི་རྒྱན་ཆ།
སྔ་རབས་བུ་མོ་རྣམས་སྒྲ་སྒྲིལ་མ་བརྒྱབ་སྟེ་བྱ་རྒོད་པོའི་གཤོག་པ་ལྡིང་ བ་ལྟ་བུའི་སྟེང་དུ་སྤུ་ཕྲུག གཡུ། བྱུ་རུ། མུ་ཏིག་སོགས་རིང་པོ་བསྐྱངས་ཤིང་། སྤྱི་གཙུག་ཏུ་ཆང་ས་བརྒྱབ་ཚར་མཁན་ཡིན་ན། གཙུག་གཡུ། བྱུ་རུ། སྤོས་ཤེལ་ སོགས་བསྟར་བསྒྲིགས་ཏེ་འདོགས་ཤིང་། ཆང་ས་མ་བརྒྱབ་པ་ཡིན་ན་གཙུག་གཡུ་ རྒྱག་སྲོལ་མེད། ཆང་ས་བརྒྱབ་མ་བརྒྱབ་ཀྱི་ཁྱད་པར་ཡང་གཙུག་གཡུས་དབྱེ་བ་ ཕྱེད་ཅིང་། པང་གདན་བརྒྱབ་མ་བརྒྱབ་པས་ཁྱད་པར་འབྱེད་སྲོལ་མེད། བོད་ནང་ བུ་མོ་ལོ་བཅུ་ལོན་མ་ལོན་ནས་པང་གདན་བཅིངས་སྲོལ་ཡོད། བུ་མོ་གཞོན་ནུ་ མ་རྣམས་ལག་གཡས་སུ་དུང་འཁོར་བཏགས་པ་དང་། བུ་མོའི་རྣ་ཅོག་གཉིས་ལ་ གཡུ། བྱུ་རུ། སྐེ་ལ་གཟི། གཡུ། བྱུ་རུ། མུ་ཏིག གཟབ་མཆོར་སྐབས་གསེར་གྱི་ གའུ། གཡུ་བྱུར་སྤོས་ཤེལ་སྐེད་པ་ཡན་ཆད་དུ་སླེབས་པའི་ཨོལ་ཐག དངུལ་གྱི་ སྐེད་ཐིག་ཏཱ་ཡང་བཅོ་བརྒྱད་ཙམ་ལས་བསྐྲུན་པའི་མཐུན་པ་སྤུན་བཞི་དང་། ཚེ་རིང་ དྲུག་བསྐོར་དང་། རྟགས་བརྒྱད། ཤིང་ལོས་བརྒྱན་པ། མུ་ཏིག་གི་འཕྲེད་བལྟས་ལ་ གསེར་གྱི་ཕྲ་ཚང་གཡུའི་ཁྲ་རྒྱན་ཅན། དངུལ་གྱི་འཁྲབ་འཁྲབ་ལ་ནོར་བུ་ཆ་བདུན་ གྱིས་བརྒྱན་པ། དངུལ་གྱི་རྒྱན་རྫོང་ལ་གསེར་ཚག་གིས་བརྒྱན་པ། སྤོས་དཀར་གྱི་ སྒྲོ་གདུང་ཚོན་སྣ། ཚིགས་ཁེབས་བཅས་བུ་མོའི་རྒྱན་ཆ་ཡིན།
ངམ་པ་གྲོང་སྡེའི་མདུན་ན་གནས་ཆེན་རྩིབས་རིའི་ཤར་ལྷོ་ནུབ་བྱང་ཕྱོགས་ བཞིར་རྒྱུན་དུ་འབབ་བཞིན་པ་ལོ་ཆུ་གཙང་པོ་དང་། བོང་ཆུ་གཙང་པོ། འོང་དཀར་ གཙང་པོ། ཤི་ཆུ་གཙང་པོ། བཅས་ཆུ་ཆེན་བཞིའི་ནང་གསེས་བོང་ཆུ་གཙང་པོ་ དབྱར་དགུན་མེད་པར་བོང་ཤོད་ལུང་དྲུག་བརྒྱུད་རྒྱུག་བཞིན་ཡོད། དབུས་སུ་ས་ ཞིང་དང་། དེའི་མཐར་གྲོང་སྡེ། རྒྱབ་རི་གླང་ཆེན་ཉལ་བ་ལྟ་བུ་ཞིག་ཡོད་པ་དེར་ དབྱར་ཁ་སྤང་ལྗོངས་སྟེང་མེ་ཏོག་སྣ་ཚོགས་བཞད་དེ་ཧ་ཅང་མཛེས་སྡུག་ལྡན་པ་ ཞིག་ཡོད་པ་དང་། ལྷོ་རྒྱུད་དུ་རི་གཉའ་རལ། རི་རྒྱ། སྐྱོང་ཚང་། ཤབ་རེ། ནགས་ཚེ་ ར༑ ལྗགས་ལུང་། རི་ནག རྒྱ་ཆུང་མ། བོད་ཆེན་སོགས་རི་ཆེ་ཆུང་སྣ་ཚོགས་དང་། བགྱིད་ཆུའི་རི་ལ་བྲག་བརྒྱ་གཤོང་མ་ཞེས་ཕུག་པ་ཆེན་པོ་ཞིག་ཀྱང་ཡོད། ཆུའི་ བྱང་ངོས་སུ་རི་ཆེན་ཞིག་ཡོད་པ་དེའི་རྩེ་མོར་ཡུལ་སྡེའི་ཕོ་ལྷ་དང་། དེ་ནས་རྒྱང་ ཐག་མི་རིང་བར་རྩིབས་རི། དམར་རི། རྫོང་རས། མཐའ་འབྲས། ངོས་བརྣག གླང་ རི་བཅས་ཡོད། གྲོང་སྡེའི་ཁྱིམ་ཚང་སོ་སོར་ར་ལུག་སེམས་ཅན་ཁྱོན་འབོར་ཆེ་ཙམ་ ཡོད་པ་རྣམས་འཚོ་གནས་བྱེད་ཡུལ་སྦོལ་ཆུང་དང་། མཐའ་ཁུངས། ནེའུ་སྟེང་འོག་ ཀློང་དགུག མཚོ་རྒྱ་དཀར་མོ། བེམ་པོ་དཀར་ར། ཨ་མོང་། མཚོ་ཁྲ། སྤང་ཐང་། མཚོ་ཁྲ་བར། སྐྱིད་ཤར། སྐྱིད་ནུབ། མཚོ་སྟེང་འོག འ་མ་བཟའ་མཁའ་མ་བཅས་སུ་ ས་ཆ་རྒྱ་ཁྱོན་ཆེ་ལ་ཆུ་རྩྭའི་ཐོན་ཁུངས་གནས་སྟངས་ཧ་ཅང་ཡག་པོ་ཡོད།
གཞི་རྒྱ་ཆེ་ས་ནས་གཟིགས་ན་ངམ་པ་གྲོང་ཚོ་འདིའི་ཤར་དུ་བོད་ཀྱི་རྒྱལ་ས་ ལྷ་ས་དང་། ལྷོ་རུ་རི་རྒྱ་ཇོ་མོ་གླང་མ། ནུབ་ཏུ་གངས་རི་ཏི་སེའི་རི་རྒྱུད། བྱང་དུ་ གནས་ཆེན་རྩིབས་རི་དང་བཅས་པ་ཡོད། རྩིབས་རི་ཆགས་རབས་མདོར་བསྡུས་ ཤིག་འདིར་གླེང་བ་ཡིན་ན། དེ་ཡང་བོད་གངས་ཅན་ལྗོངས་ཀྱི་ས་གཞི་ཁོར་ཡུག་ ཆགས་པ་ནས་བཟུང་རྩིབས་རིའི་གནས་རི་འདི་མ་བྱུང་གོང་དུ་ས་ཆ་དེར་ཀླུ་གདོལ་
ས
་7 ༑ ཚ #-' - ་ ,
" ༔་མ
[ མ་
བ་ནག་པོ་གནས་སའི་དུག་མཚོ་ཆེན་པོ་ཞིག་བྱུང་། མཚོ་དེའི་ཆུ་འཐུང་བའི་སེམས་ ཅན་གྲངས་མེད་པ་ཤི། ཐོ་ན་ནམ་མཁའི་དབྱིངས་སུ་འཕུར་བའི་བྱ་དང་། ཉེ་འགྲམ་ ས་ཁད་དུ་རྒྱུག་པའི་རི་དྭགས་མང་པོ་དུག་མཚོའི་ཁ་རླངས་ཀྱིས་མཚོར་ལྷུངས་པ་ ན༑ རྒྱ་གར་གྲུབ་ཆེན་རྣམས་ཀྱི་ཟག་མེད་མངོན་ཤེས་ཀྱིས་མཁྱེན་ནས། རྒྱ་གར་ཕུ་ ལ་ཧ་རིའི་རི་རྒྱུད་ཡིན་པའི་རི་འདི་གྲུབ་ཆེན་རྣམས་ཀྱི་རྫུ་འཕྲུལ་གྱིས་ནམ་མཁའ་ ལ་འུར་སྒྲ་དང་བཅས་འཕུར་ཏེ་དུག་མཚོ་བཀབ་པར་གསུང་སྲོལ་ཡོད།
ཇི་སྐད་དུ། རཏྣ་གླིང་པའི་བསྟན་པ་སྤྱི་ལུང་ལས། གནས་གསུམ་འདུས་པའི་ བྲག་རི་རལ་པ་ཅན། །མ་དང་མཁའ་འགྲོ་སྤྲིན་ལྟར་འཐིབས་པའི་གནས། །གྲུབ་ ཐོབ་བརྒྱད་ཅུས་ཞབས་ཀྱིས་བཅགས་པའི་གནས། །རྒྱལ་གྱི་ཤྲཱི་རིའི་གནས་ལ་ ཕྱག་འཚལ་ལོ། །ཞེས་དང་། ཡང་། རྩ་བ་མཎྜལ་གཤིགས་གཤིགས། །མཆོད་འབྲུ་ བརྒྱ་ཡི་བབས་ས། །བསྐྱེད་པ་གུར་ཁྲ་འགྲིག་འགྲིག དྲུམ་དང་མཁའ་འགྲོའི་བཞུགས་ གནས། །རྩེ་མོ་གདུང་རྩེ་རོག་རོག །རྒོད་པོ་བརྒྱ་ཡི་བབས་ས། །ཟེར་བ་སོགས་ ཆེ་བསྟོད་མང་པོ་མཛད་ཡོད། དེ་ནས་དུས་ནམ་ཞིག་རྒྱ་གར་ནས་ཨ་ཙ་ར་བདུན་ ཡོང་ནས། གནས་རི་འདི་རྒྱ་གར་རང་ལ་གདན་འདྲེན་དུ་ཕེབས་པ་ན་གནས་བདག་ གིས་མ་བཏང་ཞིང་། ཨ་ཙ་ར་རྣམས་ཀྱང་ཡོག་ལེ་ཞེས་པའི་ས་གནས་སུ་དམ་ལ་ བཏགས་པར་བཤད་ཅིང་། དུས་ད་ལྟ་ཡང་ཡོག་ལེ་རུ་མདུན་ནས་བལྟས་ན་ཡོལ་ ལེ་བཀབ་པ་ལྟ་བུ་དང་། རྒྱབ་ནས་བསྟས་ན་ཨ་ཙ་ར་བདུན་དམ་ལ་བཏགས་པའི་
ཆ་བྱད་རི་བ
ཤིའི་གནས་བདག་ནི། ཏི་སེའི་ཞིང་སྐྱོང་ཇོ་མོ་ཤི་མ་དང་། མ་མགོན་ལྕམ་ དྲལ། དཔལ་བདེ་མཆོག་རང་ཉིད་ཡིན་པ་སོགས་བཤད་སྲོལ་མང་དུ་ཡོད་ཅིང་། སྤྱིར་ལ་སྟོད་ཀྱི་ཕྱོགས་རྣམས་རི་མཐོ་ལ་ས་གཙང་བ། བསྒོམས་ན་རིག་པ་དྭངས་
ཐཔ ཏ ༽སུ ་པ ་ ། ཀ་ཙནག ཨབནྡྷ གླུགས།
པ། མི་རྣམས་ཀྱང་གཤིས་རྒྱུད་དགེ་སེམས་ཆེ་བ་བཅས་ཡོད། སྒོས་སུ་ལ་སྟོད་ རྒྱལ་གྱི་ཤྲཱི་ཞེས་པ་འདི། བྱང་ཕྱོགས་དཔལ་གྱི་རིར་བཤད་པ་དང་། རི་འདིའི་ལྷོ་ ཕྱོགས་སུ་མཆོད་རྟེན་བཀྲ་ཤིས་སྒོ་མང་། བྱང་ཕྱོགས་རྒྱབ་ཡོལ་དང་རྩ་བརྒྱད་ཀྱི་ ཚུལ་དུ་ཡོད་པ། བྲག་འཇམ་པ་ཞི་བ། རྩུབ་པ་ཁྲོ་བོའི་ཚུལ་དུ་གསལ་བ། རི་ཕྲན་ རྣམས་ཀྱང་རྡོ་རྗེ་ལ་སོགས་པའི་ཚུལ་དུ་བཞུགས་པ། རྡོ་ཕྲན་རྣམས་ཀྱང་མཆོད་ རྟེན་དང་པོ་ཏི། དུང་དང་པད་མ། འཁོར་ལོ་དང་། རིན་པོ་ཆེའི་དབྱིབས་སུ་ཡོད་པ། རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ལ་སོགས་པའི་འཕགས་བོད་ཀྱི་གྲུབ་ཆེན་རྣམས་ཀྱིས་ དངོས་སུ་ཞབས་མ་བཅགས་པ་མེད་གསུངས་ཤིང་། དེ་ལྟ་བུའི་བླ་མ་གྲུབ་ཐོབ་མང་ པོས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཞིག་ཡིན།
གནས་ཆེན་རྩིབས་རིའི་རྒྱབ་མདུན་འབྲེལ་འདབས་སུ་དགོན་པ་མང་པོ་ཞིག་ ཆགས་ཡོད་པ་ནི། ལྷོ་རྒྱུད་དུ་རྒོད་ཚང་དང་། བསམ་གླིང་། བསྐྱེད་ཚང་། ཆུ་སྒོ་ སྒང་། ནེའུ་སྟེང་། རྫོ་སྐྱ། ལོ་སྤང་། སེང་གེ་བྲག གཡུ་ལོ་བཀོད་བཙུན་དགོན། བྱ་ ཆུ་བཅས་དང་། བྱང་རྒྱུད་དུ། རྫི་མོ། ཁུ་བ། སྒོ་ཡེ། སང་གསུམ་ (སྒྲོལ་མ་གསུང་བྱོན་ ཡོད།) ཆུ་བཟང་། ཤར་རྒྱུད་དུ་བྱ་རོག་རྫོང་བཅས་དང་།
གནས་རི་འདིའི་ཤར་ལྷོ་བྱང་གསུམ་དུ་དུར་ཁྲོད་ཆེན་པོ་བཞི་ཡོད་པ་ནི། ཤར་ དུ་བྱ་རོག་རྫོང་དུར་ཁྲོད། ལྷོ་རུ་མག་ལམ་དང་། མོ་སྤང་དུར་ཁྲོད། བྱང་དུ་ན་ཁྲ་དུར་ ཁྲོད་བཅས་ཡོད། །
གནས་རི་དེར་བཞུགས་སུ་གསོལ་བའི་རྗེ་རྒོད་ཚང་པའི་སྐུ་འདྲས་གསུང་ བྱོན་ཚུལ་སྐོར་དངོས་བདེན་དཔེ་མཚོན་གྱི་ཚུལ་དུ་རོབ་ཙམ་གླེང་བ་ཡིན་ན། དེ་ ཡང་རྗེ་རྒོད་ཚང་པས་ལུང་བསྟན་པའི་འདྲ་སྐུས་གསུང་ལན་གསུམ་བྱོན་པའི་དང་ པོ་ནི། ཚོང་དཔོན་གྱི་བུ་ནོར་བུ་བཟང་པོ་དར་རྩེ་མདོར། ཚོང་ལ་བྱོན་པའི་སྐབས་
,
༤
ཅ
ཤིག་ལ་རྟ་དྲེལ་ལ་ནད་ཚབས་ཆེན་པོ་བྱུང་བས་ཆིབས་རྟ་དེའང་འཆི་མ་གསོན་གྱི་ མཚམས་སུ། རྒོད་མང་པོས་རུབ་སྟེ་བཟོས། ཚོང་དཔོན་ཁོང་ཁྲོ་ལངས་ཏེ། མདའ་ བརྒྱབ། རྒོད་ཐང་དཀར་གཅིག་ལ་ཕོག་ཟེར། རྒོད་པོ་དེ་ནི་རྒོད་ཚང་བ་བཞུགས་ པའི་དུས་སུ། གཟིམས་ཁང་གི་སྟེང་གང་ཙམ་ན་བྱ་རྒོད་ཐང་དཀར་གཅིག ཤར་ ཕྱོགས་སུ་ཐང་སྨུག་གཅིག འོག་ན་བྱ་རྒོད་ལྔ་བཅུ་ཙམ་གྱི་ཚང་ཡོད་པ་ལ། བྱ་ རྒོད་གཞན་ཐམས་ཅད་ཐོ་རངས་འཕུར་ཡང་། ཐང་དཀར་དང་། ཐང་སྨུག་དེ་གཉིས། ཆོས་རྗེ་བས་སྔ་དྲོ་མདོ་བཟླས་པ་དང་། གསོལ་འདེབས་ལ་སོགས་པ་དགེ་སྦྱོར་གྱི་ ཐུན་མ་ཐོན་གྱི་བར་མི་འཕུར། ཐོན་པ་དང་འཕུར་འགྲོ་བ་ཡིན་ཏེ། ཚོང་དཔོན་གྱིས་ མདའ་བརྒྱབ་པའི་ཉིན་གྱི་དགོང་མོ་ཐང་སྨུག་དེ་ནམ་ཕྱེད་ཙམ་ལ་འབྱོར། ཐོང་དཀར་ དེ་ཐོ་རངས་ཁ་ལས་མ་འབྱོར།
དཀོར་གཉེར་གྱི་བསམ་པར་བྱ་དེ་གཉིས་ཀྱི་ཡོང་ལུགས་ལ་བལྟས་ན། བྱ་ དེ་གཅིག་ལ། རྐྱེན་ངན་ཞིག་བྱུང་བ་འདྲ་དགོངས་ནས་ལྟ་སྐབས་མོ་བྱ་དེ་གཉིད་ ལོག་འདུག་ཅིང་། ཕོ་བྱ་དེ་ལ་མདའ་ཀེར་རེ་ཟུག་སྟེ་ཤི་འདུག མི་སྡིག་ཅན་ཞིག་ གིས་བྱ་དེ་བསད་འདུག་གསུངས་ཏེ། བྱ་རོ་དེ་སྒྲུབ་ཕུག་གི་སྒོ་ཐོད་དུ་བཞག དེ་ ནས་དུས་ནམ་ཞིག་གི་ཚེ། ཚོང་དཔོན་གྱི་བུ་ནོར་བུ་བཟང་པོ་བོང་ཤོད་བརྒྱུད་ གཉའ་ནང་དང་བལ་པོར་ཚོང་ལ་བྱོན་དུས། ཚོང་དཔོན་གྱིས་རྒོད་ཚང་གཟིགས་ པས། བོང་ཤོད་ཀྱི་ལུག་རྫི་ཞིག་ལ་གནས་འདིའི་མིང་ལ་ཇི་སྐད་ཟེར། རྟེན་ལ་ཇི་ ཡོད། བླ་མ་ཇི་འདྲ་བཞུགས། ཞེས་དྲིས་པར། ལུག་རྫི་ན་རེ། ཡ་གི་རྒྱལ་གྱི་ཤྲཱིའི་ རི་རྒོད་ཚང་བྱ་བ་ཡིན། རྟེན་ལ་ཆོས་རྗེ་རྒོད་ཚང་པའི་འདྲ་སྐུ་མཐོང་བ་རང་གྲོལ་ བཞུགས་ཟེར། ཚོང་དཔོན་ཡིད་རང་དབང་མེད་པར་དད་དེ་རྒོད་ཚང་མཇལ་དུ་བྱོན་ རྩིས་ཡོད་ཀྱང་། ཚོང་རོགས་རྣམས་ཀྱིས་རྗེས་རྙིང་བྱོན་ན་ལེགས། ད་ལྟ་ཚོང་ལ་
བྲེལ་ཆེ་བས་བྱོན་དུ་མ་སྟེར་ཟེར། ཕྱིར་འཁོར་དུས་དིང་རི་ནས་རྟ་དྲེལ་སྐུ་འཁོར་ རྣམས་གཞུང་ལ་བཏང་། ཚོང་དཔོན་རྒོད་ཚང་ལ་མཆོད་མཇལ་ལ་ཕེབས། དཀོར་ གཉེར་ལགས་ང་ལྷོ་བྱང་ཚོང་གི་ཁེ་བོགས་བྱེད་པའི་མི་སྡིག་ཅན་ཞིག་ཡིན། མཇལ་ ཁ་གང་བཟང་བཟང་ཞིག་ཐོངས་གསུངས་པས། དཀོར་གཉེར་གྱིས་མཆོད་མཇལ་ བཏང་། ཚོང་དཔོན་གྱིས་སྒོ་སྟེང་གི་བྱ་རོ་མཐོང་། བྱ་རོ་འདིར་འཇོག་པ་གང་ཡིན་ གསུངས་པས། དཀོར་གཉེར་གྱིས་མི་ལས་ངན་སྡིག་ཅན་ཞིག་གིས་བདག་གི་བྱ་ འདི་ལ་མདའ་བསྣུན་ཏེ་བསད་འདུག བྱ་རོ་དེ་སྤྱན་གཟིགས་སུ་བཞག་པ་ལགས་ ཞུས་པས། ཚོང་དཔོན་གྱིས་མདའ་དེ་བཏོན་ནས་གཟིགས་པས་རང་གི་མདའ་དེ་ ངོ་ཤེས་ནས། གནས་འདི་ལྟ་བུའི་བྱ་གསོད་པའི་མི་སྡིག་ཅན་དེ་ང་ཡིན་འདུག མི་ ལུས་ཐོབ་པར་དོན་མེད་དུ་སོང་ཟེར་ནས། ཀ་ཤི་ཀའི་རས་ཡུག་གཅིག་ལ་ཁྲོ་མོ་ ཆེའི་ནང་ནས་སྣུམ་བྱུགས་ཏེ་སྐུ་ལུས་ལ་དཀྲིས། སྤྱི་གཙུག་ཏུ་མེ་སྦར་དུ་བྱོན་པས་ རྗེ་རྒོད་ཚང་པས་འདྲ་སྐུ་རིན་པོ་ཆེས་ཚོང་དཔོན་ཚོང་དཔོན་བྱས་མེད་ཀྱི་ཡུས་མ་ བྱེད། མི་ལུས་ཐོབ་པ་དེ་ཆུད་ཟོས་སུ་མ་གཏོང་ཨང་གསུངས། དེ་གསུང་བྱོན་པའི་ དང་པོའོ།།
ཡང་རྒྱལ་པོ་བྱང་བདག་གིས་ལྷོ་བདག་ལ་དམག་འདྲེན་དུས། ཤབ་རག་ ཐང་དུ་བྱང་དམག་གིས་སྒར་བཏབ། དམག་མི་རྣམས་རྩིབས་རིར་ལྐོག་ཡུལ་དུ་ ཕྱིན་པས། རྒོད་ཚང་ནས་འདྲ་སྐུ་རིན་པོ་ཆེ་ཁྱེར་ཏེ་སྒར་དེར་བཞག དེའི་ནུབ་ཁ་ བ་རླུང་ཚུབ་དང་བཅས་ལྟས་ངན་བྱུང་བས་འདྲ་སྐུ་བཞག་སྟེ་དམག་སྒར་རྣམས་ ལོག ཐང་དེའི་ནུབ་ངོས་སུ་སྐྱིད་ཕུག་ཟེར་བའི་ཁྱིམ་ཞིག་བྱུང་བ་དེའི་ལུག་རྫིས་ སྔ་དྲོ་ཐོག་མཁར་བསངས་བཏང་བས། མདང་ཉིན་གྱི་དམག་སྒར་རྣམས་ཀྱང་མེད། དེའི་ཤུལ་དུ་ཁ་བ་མེད་པ་འཇའ་འོད་ཀྱི་གུར་ཁྱིམ་ཁྲ་ཆིལ་ལེར་མཐོང་། རྫི་བོ་དེར་
་
:
,་ :
ཕྱིན་ནས་འདྲ་སྐུ་མཇལ་བས་ཁྱིམ་གྱི་མཆོད་ཁང་དུ་སྤྱན་དྲངས། རྟེན་རྩ་ཆེན་འདི་ ཁྱིམ་དུ་ཡུན་རིང་བཞུགས་ན་མཆོད་པ་ངན་པ་དང་གཙང་སྦྲ་མེད་པ་སོགས་ཀྱི་ ཉེས་སྐྱོན་ཆེ་བས། རྩིབས་རི་བསམ་གླིང་དུ་གདན་དྲངས། མཆོད་སྤྲིན་རྒྱ་ཆེན་པོ་ ཕུལ་ན་ཡང་། ཉིན་རེ་བཞིན་འདྲ་སྐུའི་ཞལ་ཤར་ཕྱོགས་སུ་གཟིགས་ནས་བཞུགས། ཉིན་ཞིག་དཀོར་གཉེར་བློ་མ་བདེ་བར་མཆོད་པ་ཕུལ་རྗེས་སྒོ་ལ་རྟགས་བསྐྱོན་ ནས་བཞག
དེ་ནས་སྔར་ལྟར་ཞལ་ཤར་ཕྱོགས་སུ་འདུག་པར་དཀོར་གཉེར་ཁོང་ཁྲོ་ ལངས་ནས་རླག་སྐུ་སྡུག་སྐུ་འདི་བཞག་སར་མི་སྡོད་པར་ཁ་ཕྱིར་ལོག་ལ་ལྟ་དོན་ཅི་ ཡིན་ཟེར་ནས། འགྲམ་ལྕག་ཞུ་ལ་ཁད་ལ། འདྲ་སྐུ་རིན་པོ་ཆེའི་ཞལ་ནས། དཀོར་ གཉེར་དཀོར་གཉེར་འགྲམ་ལྕག་བརྒྱབ་པས་ཅི་ལ་ཕན། ང་ཤར་གྱི་རྒོད་ཚང་མཁའ་ འགྲོའི་གསང་ལམ་ཅན་དེར་སྐྱོལ་ཨང་གསུངས། དེ་གསུང་བྱོན་པ་གཉིས་པ་ཡིན་ པར་གསུངས། རྗེ་འཇམ་པའི་དབྱངས་མཁས་དབང་སངས་རྒྱས་རྡོ་རྗེ་མཆོག་རྒོད་ ཚང་དུ་ལོ་གསུམ་སྒྲུབ་པ་ལ་བཞུགས་པས། རྗེ་རྒོད་ཀྱི་མཚན་ཅན་གྱི་འདྲ་སྐུའི་ ཞལ་ནས། བུ་བུ་བཀའ་བརྒྱུད་ཀྱི་བསྟན་པ་འདི་ཉག་ཕྲ་ཙམ་འདུག་པས་བུ་ཁྱོད་ ཀྱིས་འཛིན་སྐྱོང་གྱིས་ཨང་ཞེས་གསུང་བྱོན་པ་གསུམ་པར་གྲགས། གོང་གསལ་ ལོ་རྒྱུས་འདི་ལོ་བཅུ་གཅིག་རིང་རྒོད་ཚང་དུ་དཀོར་གཉེར་གནང་མྱོང་མཁན་དབོ་ མ་ལུང་ཨ་ཁུ་བསོད་ནམས་ནས་སྙན་བརྒྱུད་ཀྱི་ཚུལ་དུ་བྱུང་བ་ཞིག་ཡིན་འདུག གནས་ཆེན་རྩིབས་རིའི་རྒྱབ་མདུན་འབྲེལ་འདབས་སུ་དགོན་པ་དང་། རི་ཁྲོད། རྟེན་ གཙོ་བྱིན་ཅན་མང་པོ་ཡོད་པའི་ལོ་རྒྱུས་མང་པོ་འདུག་ཀྱང་ཡིག་ཚོགས་ཆེ་བས་ འཇིགས་ནས་མ་བྲིས།
མ་
ལེ་ཚན་གཉིས་པ། རང་ཡུལ་ནས་བལ་ཡུལ་དུ་བཙན་བྱོལ་ལ་ཡོང་དགོས་བྱུང་བ་དང་།
སློབ་གྲྭར་ཞུགས་པ།
༄༅། །ཕྱི་ལོ་ ༡༩༤༩ ལོར་འཕགས་མཆོག་ཕྱག་ན་པད་མོའི་འདུལ་ཞིང་། བསིལ་ལྡན་ས་ལའི་སྨན་ལྗོངས་གངས་ཅན་བོད་རྒྱལ་ཁབ་ཀྱི་ཤར་ཕྱོགས་མདོ་སྟོད་ སྨད་གཉིས་ཀྱི་ས་ཁུལ་ཁག་ཏུ། རྒྱ་དམག་བཙན་འཛུལ་མཁན་གྱིས་འདྲེ་ལག་ནམ་ མཁའ་སྒྲིབ་ནུས་ཤིག་བསྐྱངས་ཏེ་ཞི་དྲག་ཅི་རིགས་ཐོག་ནས་ཁབ་སྙིང་གང་འགྲོའི་ ཕུགས་ངན་སྲིད་ཇུས་ལག་བསྟར་རིམ་བཞིན་ལྷགས་འབྱོར་བྱུང་སྟེ། བོད་མི་རྩམ་ ཟན་ཡོངས་རྫོགས་ཅི་བྱ་གཏོལ་མེད་ངང་། གཅེས་པའི་བུ་ཕྲུག་གཡུལ་ངོར་སོང་ བའི་ཨ་མ་ལྟ་བུའི་གནས་སྟངས་ཐབས་རྡུགས་ཤིག་ཏུ་འགྱུར་བཞིན་པའི་སྐབས། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན། བོད་ཀྱི་རྒྱལ་ས་ལྷ་སར་གཉུག་མ་དང་གསར་ དུ་ལྷགས་པའི་བོད་རིགས་ཡོངས་རྫོགས་མ་གྲོས་བསམ་པ་གཅིག་མཐུན་གྱི་ཐོག་ ནས་རྒྱུ་དམར་ལ་ཞི་བའི་ངོ་རྒོལ་སྒེར་ལངས་བྱས་ཡོད་ཀྱང་མང་སྣེ་ཉུང་གིས་མ་ ཁྱབ་པའམ་རྒྱ་དམག་དྲག་ཤུགས་ཧ་ཅང་ཆེ་དབང་གིས་བོད་མིར་ཕམ་ཉེས་ཆག་ སྒོ་ཆེ་ཡང་། གོད་ཁ་འབྲིང་གི་དཔེ་ལྟར། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ བླ་ན་མ་མཆིས་པ་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་ གཟིགས་པ་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་དུ་ཞབས་ སོར་བཀའ་དྲིན་ཆེ་འཁོད་ཐུབ་པ་ནི་རྒྱ་མིར་ཕམ་ཁ་ཆེན་པོ་ཞིག་དང་། ང་ཚོར་ད་
ལྟ་མི་རིགས་དང་ཆོས་རིག་གོམས་གཤིས་དང་བཅས་གསོན་པོར་གནས་པའི་རྒྱུ་ རྐྱེན་གཙོ་བོར་གྱུར་པས་བླ་ན་མ་མཆིས་པའི་རྒྱལ་ཁ་ཞིག་ཡིན།
དེ་རྗེས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ལོ་ཏོག་སད་ཀྱིས་ཁྱེར་བའམ། ལྟག་ཆུ་ཆད་པའི་རྫིང་བུ་དང་། ཡང་ན་སྣུམ་ཟད་ཀྱི་མར་མེ་བཞིན་དུ་གྱུར་ཏེ་མཐར་ རིང་པོར་མི་ཐོགས་པར་འཕགས་མཆོག་ཕྱག་ན་པད་མོའི་འདུལ་ཞིང་སྣོད་བཅུད་ ཡོངས་རྫོགས་རྒྱ་མི་དམར་པོའི་བཙན་འོག་ཏུ་ཚུད་དེ་མི་སྤྱོད་ལས་འདས་པའི་སྲིད་ ཇུས་དྲག་གནོན་ལག་བསྟར་འགོ་འཛུགས་བྱས་པ་དུས་ད་ལྟའང་ཉིན་རེ་བཞིན་ཛ་ དྲག་ངང་གནས་མུས་ཡིན།
བོད་ལ་སྟོད་ས་ཁུལ་ཁག་ཏུའང་ཤོག་བུ་སྣུམ་ཐིགས་ཀྱི་དཔེ་བཞིན་རྒྱ་དམར་ གྱི་ཞི་དྲག་དཔོན་རིགས་རིམ་འབྱོར་ཐོག་རྒྱའི་དབང་འཛིན་སྲིད་ཇུས་དམ་བཙིར་ ཉིན་རེ་བཞིན་དྲག་ཤུགས་ཆེ་རུ་གཏོང་བཞིན་པ་ཡིན་ཀྱང་། ད་ལྟའི་གསར་འགྱུར་ བརྒྱུད་ལམ་སོགས་ལྟར་མེད་རྐྱེན་ས་གནས་ཡུལ་མི་མང་ཚོགས་ནས་བོད་ཀྱི་རྒྱལ་ ས་ལྷ་སར་ཛ་དྲག་གནས་ཚུལ་ཇི་བྱུང་དང་། ྋརྒྱལ་བ་དོན་གྱི་བདག་པོ་མཆོག་ སྐྱབས་བཅོལ་ལ་ཕེབས་དགོས་བྱུང་བ་བཅས་ཀྱི་གནས་ཚུལ་ཉིན་མང་པོའི་རྗེས་ སུ་མ་གཏོགས་གོ་ཐོས་ཤེས་ཚོར་བྱུང་མེད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ལ་ སྟོད་ས་ཁུལ་མང་ཆེ་བར་སྐབས་དེ་དུས་ཛ་དྲག་ཟིང་ཆ་ལངས་པའི་གནས་ཚུལ་ དམིགས་བསལ་གོ་རྒྱུ་མེད། འོན་ཀྱང་ཁུལ་དེར་རྒྱ་དམར་དབང་འཛིན་པས་ཞེད་ སྣང་དང་། རྩ་མེད་བཟོ་དགོས་ཡོད་བསམ་པ་གཅིག་རང་ཡོད་པ་དེ་ནི་དགྲ་འཐབ་ དམག་ཤུགས་གྲགས་ཅན་དིང་རི་དམག་སྒར་ཡིན། དམག་སྒར་འདིའི་སྒར་ས་ཨ་ མ་ཤེལ་དཀར་རྫོང་གི་ལྟེ་གནས་སུ་ཡོད། དམག་སྒར་གྱི་གོ་ལག་བང་མཛོད་ཀྱང་ རྫོང་གནས་དེ་རང་དུ་ཡོད་པར་མ་ཟད། དེ་དག་སྲུང་སྐྱོབ་བྱེད་མཁན་དམག་མི་
ནང ཀུག ནས་ ལན མྱ་མདུ ཡར དགས གྱུར གདན སྨསྨཱཡང ངཞུས།ས ས 23
གྲངས་འབོར་མི་ཉུང་བ་ཞིག་ས་གནས་དེ་རང་དུ་གཏན་སྡོད་ཡོད་མུས་ཡིན། དེ་ བཞིན་གྲྭ་ཚོགས་ཆེན་པོ་ཡོད་པའི་ལ་སྟོད་ཁུལ་གྱི་རི་བོ་དགེ་ལུགས་པའི་དགོན་སྡེ་ ཆེ་ཤོས་ཤེལ་དཀར་ཆོས་སྡེ་ཡང་ས་གནས་དེ་རང་དུ་ཡོད་པ་བཅས་ལ་བརྟེན་ནས་ རྒྱ་དམར་གྱི་དོ་སྣང་ངམ་ཞེད་སྣང་ཆེ་ཤོས་བྱེད་ཡུལ་ཞིག་ཆགས་ཡོད། །
ཕྱི་ལོ་ ༡༩༥༩ ཟླ་ ༣ ནང་དིང་དམག་བརྒྱ་དཔོན་རྟ་མགྲིན་ཚེ་རིང་ལགས་ ཤེལ་དཀར་རྫོང་ནས་དིང་རིར་རང་ཁྱིམ་ར་ཟམ་དུ་བཟའ་ཟླ་བུ་ཕྲུག་ཐུག་འཕྲད་ དུ་ཕེབས་ཏེ་བཞུགས་འཇགས་སྐབས་གོང་ཟླའི་ཚེ་ ༡༢ ཉིན་ཞོགས་པ་ནས་ཁོང་ གི་ཆིབས་རྟས་དུས་རྒྱུན་དང་མི་འདྲ་བར་ཀེ་རེར་ལངས་པ་དང་། རྐང་ལག་ས་ལ་ བགྲད་ཅིང་འཚེར་སྐད་ལྷང་ལྷང་འདོན་པ་སོགས་བྱས་པར། ཁོང་གི་ཞབས་ཕྱི་བཞི་ བཅུ་ལྷག་པ་ཟེར་བ་དེས་བརྒྱ་དཔོན་ལགས་སུ། ཅང་ཤེས་རྟ་ཕོ་འཚུབ་ཆ་ཆེ་བའི་ ལུང་བསྟན་ལྟ་བུའི་རྣམ་པ་འདུག་པས། ང་ཚོས་གྲ་སྒྲིག་ཅིག་བྱེད་དགོས་ཞེས་ཞུས་ པར། བརྒྱ་དཔོན་ལགས་ཀྱིས་གང་ཡང་བྱེད་ཀྱི་མ་རེད་ཅེས་སྣང་མེད་དུ་བཞུགས། དེ་ཉིན་མཚན་མོའི་ཆུ་ཚོད་དགུ་པ་ཙམ་ལ་དིང་རི་སྒང་དཀར་ཕྱོགས་ནས་རྒྱ་ དམག་མོ་ཊ་གསུམ་བཞི་བརྒྱ་དཔོན་ལགས་ཀྱི་བཞུགས་གནས་ར་ཟམ་ཞེས་གྲོང་ གཅིག་མ་ཞིག་ཡོད་པ་དེའི་ཕྱོགས་སུ་ཡོང་ནས་གཟིམ་ཤག་གི་མདུན་དུ་མོ་ཊ་ རྣམས་བཀག་
དེའི་ནང་ཡོད་པའི་རྒྱ་དམག་རྣམས་མོ་ཊའི་ཕྱིར་ཐོན་ཏེ་བརྒྱ་དཔོན་ལགས་ཀྱི་ གཟིམ་ཤག་མཐའ་བཞི་བསྐོར་གྲུབ་རྗེས་རྒྱ་མིའི་དམག་དཔོན་གཅིག་དང་། དམག་ དཀྱུས་འགའ་ཤས་གཟིམ་ཤག་ནང་ཡར་འཛུལ་ཡོང་སྟེ་བརྒྱ་དཔོན་རྟ་མགྲིན་ཚེ་ རིང་ཅེས་འབོད་སྐབས་བརྒྱ་དཔོན་ལགས་སྣང་བ་རྣམ་རྟོག་གང་ཡང་མེད་པར་ཕྱིར་ ཐོན་ཡོང་སྐབས། གཟིམ་སྒོའི་འགམ་སྐྲས་འོག་ཏུ་རྒྱ་དམག་དང་གདོང་ཐུག་སྐབས་
རྒྱ་ཕྱོགས་ནས་འདྲི་རྩད་གཏམ་གླེང་གང་ཡང་མེད་པར་ལམ་སེང་ཕྱོགས་གང་ས་ ནས་མེ་མདའ་འཕངས་ཏེ་དཔའ་བློ་ཁོག་སྐད་གྲགས་ཅན་དིང་དམག་བརྒྱ་དཔོན་ རྟ་མགྲིན་ཚེ་རིང་ལགས་ཀྱི་ངག་ནས་ཨ་ཁ་ཞེས་བརྗོད་ཅིང་། སྐུ་གཟུགས་ཡོངས་ རྫོགས་ཇ་ཚགས་བཞིན་བཟོས་ཏེ་བཀྲོངས་པའི་གནས་ཚུལ་ཐབས་རྡུགས་དེ་འདྲ་ ཞིག་བྱུང་བ་རིམ་པས་རྒྱ་གྲགས་བོད་གྲགས་ལྟ་བུ་ཆགས་ཡོད།
ཤེལ་དཀར་རྫོང་གནས་སུ་ཡོད་པའི་དིང་རི་དམག་སྒར་གྱི་གོ་མཛོད་ནང་གི་ གོ་མཚོན་བཙན་འཕྲོག་དང་། དམག་མི་དང་། ཤེལ་དཀར་ཆོས་སྡེའི་གྲྭ་མང་བཅས་ བཙན་བཟུང་དམ་བསྒྲགས་བྱེད་རྒྱུ་རྒྱ་ཕྱོགས་ནས་དུས་ཚོད་ཀྱི་དགོས་མཁོ་ཛ་དྲག་ ཆེ་ཤོས་སུ་མཐོང་སྟེ། རྒྱལ་ས་ལྷ་སར་གསུམ་བཅུའི་ཟིང་འཁྲུག་ལངས་བཞིན་མུར་ ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེ་ ༡༧ ཉིན་སྔོན་བརྡའི་རྣམ་པ་གང་ཡང་མེད་པར་གློ་བུར་ དུ་གཞིས་ཀ་རྩེ་སོགས་ས་ཕྱོགས་གང་ནས་ཡོང་མིན་མི་ཤེས་པར་རྒྱ་དམག་འབོར་ ཆེན་ཡོད་པའི་མོ་ཊ་ཆེ་བ་གྲངས་དྲུག་ཅུ་བདུན་ཅུ་སྐོར་ཞིག་ཤེལ་དཀར་ཞོལ་དུ་ འབྱོར་མ་ཐག་མོ་ཊའམ་སྣུམ་འཁོར་རྣམས་ཁ་ཕྱིར་སློག་ནས་བཞག །
དེའི་མཚོན་དོན་ནི་དང་དམག་དཔའ་ངར་གྲགས་ཅན་ཞིག་ཡིན་པ་གང་ཞིག་ ལ་གོ་མཚོན་མི་ཉུང་བ་ཞིག་གོ་མཛོད་ནང་ཡོད་པ་དང་། དེའི་ཁ་སྣོན་ལྟ་བུར་ཤེལ་ དཀར་ཆོས་སྡེའི་གྲྭ་མང་འབོར་ཆེན་ཡོད་པ་བཅས་ལ་བརྟེན་ནས་གལ་སྲིད་ཁོ་ ཚོར་ཕམ་ཉེས་ཡོང་རྒྱུའི་ཉེན་ཁ་བྱུང་བ་ཡིན་ན་གནས་སྐབས་ཕྱིར་འཐེན་རྒྱག་རྒྱུའི་ འཆར་གཞི་མིན་འགྲོ་སྙམ་པའི་ཚོད་དཔག་བྱེད་མཁན་ཡང་བྱུང་ཡོད། དེ་ནས་རྒྱ་ དམག་རྣམས་རང་རང་སོ་སོའི་མོ་ཊའི་གཡས་གཡོན་དུ་བཟའ་འཐུང་ལ་རོལ་བཞིན་ པའི་མུར་དགྲ་འཐབ་བྱ་རྒྱུའི་གྲ་སྒྲིག་ཚ་ཚ་འུར་འུར་ངང་བྱས་ཤིང་། སྐབས་དེར་ དིང་དམག་ཡོད་ས་དང་། ཤེལ་དཀར་ཆོས་སྡེའི་གྲྭ་མང་ཡོད་སའི་ཕྱོགས་ལ་དོ་
སྣང་ཡོད་འདྲའི་རྣམ་པ་སོགས་གང་ཡང་མེད་པར་རྒྱ་དམག་རྣམས་ས་ཆ་ཆ་བགོས་ ཀྱིས་ཤེལ་དཀར་ཆོས་སྡེ་ཆགས་ཡུལ་རི་ངོས་སུ་ཡོད་པའི་མཐའ་བཞི་རི་རྩེ་དང་ བཅས་པ་མཐའ་བསྐོར་ནས་རྒྱ་དམག་གིས་བཟུང་ཞིང་། སྐབས་དེ་དུས་གྲ་མང་ནང་ ནས་བསམ་ཡོད་འགའ་ཞིག་གིས་དགྲ་འཐབ་བྱས་ན་ལེགས་གནས་བསམ་ཚུལ་ འདོན་མཁན་བྱུང་ཡོད་ཀྱང་། ལྷ་ས་དགྲ་ལག་ཏུ་ཤོར་བའི་གནས་ཚུལ་ཤེས་མཁན་ མེད་པ་དང་། ས་གནས་སུ་དེ་དུས་རྒྱའི་བཙན་གནོན་དབང་འཛིན་ཡོང་ཉེན་ཡོད་ འདྲའི་རྣམ་པ་སོགས་ཛ་དྲག་གནས་ཚུལ་གང་ཡང་མངོན་རྒྱུ་མེད་སྟབས་དགོན་ པའི་ལས་སྣེ་དང་། རྫོང་དཔོན། དིང་དམག་འགོ་ཁྲིད་རྣམ་པ་བཅས་ནས་གོང་ གསལ་བསམ་ཚུལ་ལ་དམིགས་བསལ་ཐུགས་སྣང་གནང་མཁན་བྱུང་མེད།
ཤེལ་དཀར་ཆོས་སྡེའི་མཐའ་བཞི་ཆ་ཚང་རྒྱ་དམག་གིས་བསྐོར་ཟིན་རྗེས་རྒྱ་ དམག་རྒྱ་དཔོན་ཆེ་ཤོས་དེ་དང་། སྐད་སྒྱུར་གཅིག གོ་མཚོན་རང་སྒྲིག་དམག་མི་ བཅུ་གྲངས་སྐོར་བཅས་དགོན་པའི་ནང་འཛུལ་ཞུགས་ཀྱིས་རྫོང་དཔོན་དང་། དགོན་ པའི་ལས་སྣེ། དིང་དམག་འགོ་ཁྲིད་བཅས་ངོ་ཐུག་གིས་དིང་རི་དམག་སྒར་གྱི་གོ་ ལག་ཆ་ཚང་རྩིས་སྤྲོད་དགོས་ལུགས་ནན་བརྗོད་བྱས་འདུག་པར། རྫོང་དཔོན་ནས། གོ་ལག་རྩིས་སྤྲོད་བྱ་རྒྱུར་སྡེ་པ་གཞུང་གི་བཀའ་འཁྲོལ་དགོས་པར་བརྟེན་བཀའ་ འདྲི་དགོངས་སྐོར་ཞུས་ཏེ་བཀའ་གསལ་མ་བྱུང་བར་འགྲིག་ཐབས་མེད་ལུགས་ གསུངས་པར། རྒྱ་དཔོན་ཁོང་ཁྲོ་ལངས་ཏེ་ཁྲོས་པའི་རྣམ་འགྱུར་དང་བཅས་བརྗོད་ དོན། སྡེ་པ་གཞུང་ང་ཚོས་ཕམ་ཉེས་བཏང་ཟིན་པ་རེད། དིང་རི་དམག་སྒར་གྱི་གོ་ མཚོན་རྣམས་རྩིས་སྤྲོད་བྱས་ན་ཡག་པོ་ཡོང་གི་རེད། དེ་མིན་དྲག་ཤུགས་བེད་སྤྱོད་ གཏོང་རྒྱུ་ཡིན་ལུགས་སོགས་ཛ་དྲག་འཇིགས་སྐུལ་མཐའ་ནན་བྱས་མཐར་དིང་ དམག་གི་གོ་མཚོན་ཆ་ཚང་རྩིས་སྤྲོད་བྱ་དགོས་བྱུང་ཡོད། དེ་རྗེས་གྲྭ་མང་རྣམས་
དགོན་པའི་འདུ་ཁང་ནང་བཟང་བཙོན་ལྟ་བུ་བཀག་ཉར་གྱིས་སློབ་སྦྱོང་སྤྲོད་ཁུལ་ བྱས་པ་དང་། དིང་རི་དམག་སྒར་གྱི་དམག་ཞབས་འགོ་འཛིན་ལས་སྣེ་ཙམ་མ་ཡིན་ པར། དམག་དཀྱུས་དང་བཅས་པ་ཡོངས་རྫོགས་འཛིན་བཟུང་བཙོན་འཇུག་དམ་ བསྒྲགས་ཆེ་ཙམ་བྱས་མཐར། ཁོང་རྣམ་པ་ལྷ་ས་ཁུལ་ཡོད་བཙོན་ཁང་ཆེ་ཁག་ལ་ ཆ་བགོས་ཀྱིས་རིམ་གཏོང་བྱས་རྗེས་ས་གནས་སུ་དིང་རི་དམག་སྒར་གྱི་མིང་ཙམ་ ཡང་མེད་པར་རྩ་མེད་ཤུལ་མེད་ལྟ་བུ་བཟོས་པ་རེད།
དེ་ནས་ལ་སྟོད་ས་ཁུལ་ཡོངས་རྫོགས་ལ་རྒྱ་དམར་གྱིས་དྲག་གནོན་དབང་ འཛིན་སྲིད་ཇུས་སྟངས་འཛིན་བཀོད་སྒྲིག་བྱེད་མཁན་ལས་ཁུངས་ཨ་མ་དེ་ཤེལ་ དཀར་ཆོས་སྡེར་ཆེད་འཛུགས་བྱས་པ་དང་། མངའ་ཁུལ་གྲོང་དང་། གྲོང་རྡལ་ཚང་ མར་ཞི་དྲག་དཔོན་རིགས་ཚོ་ཁག་ཆ་བགོས་ཀྱིས་གཅིག་མཇུག་གཉིས་མཐུད་ བཏང་སྟེ་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་སྒོ་ཉིན་རེ་བཞིན་དམ་བསྒྲགས་ཇེ་ ཆེ་ཇེ་ཆེར་གཏོང་འགོ་བཙུགས་པ་དང་། མི་སྣ་གྲགས་ཅན་གང་ན་སུ་ཡོད་རྣམས་ འཛིན་བཟུང་གིས་ཤེལ་དཀར་ཆོ་སྡེར་བཙོན་འཇུག་བྱེད་མུར། ང་ཆོའི་གྲོང་སྡེ་ཐེ་ བས་གྲོང་གསེབ་ས་ཁུལ་ཚང་མར་རྒྱ་ཆེའི་མང་ཚོགས་ལའང་གྲལ་རིམ་འཐབ་རྩོད་ དང་། དམངས་གཙོའི་བཅོས་བསྒྱུར་གཏོང་རྒྱུའི་གྲབས་གཤོམ་ཡིན་ཁུལ་གྱིས་རྒྱ་ དམར་རང་ཉིད་ཀྱི་དབང་འཛིན་སྲིད་ཇུས་ཛ་དྲག་ངང་སློབ་སྦྱོང་བྱེད་དུ་འཇུག་པ་ སོགས་གང་ཅིའི་གནས་སྟངས་དིང་རི་བོང་ཤོད་གང་སར་ཉིན་རེ་བཞིན་ཇེ་ཞན་ཇེ་ སྡུག་ཏུ་འགྲོ་བཞིན་པར་བརྟེན། དེ་མུར་སྡོད་བློ་བཟོད་ཐབས་མེད་པ་མཐོང་སྟེ་ང་ ཚོའི་ནང་མི་རྒན་གྲས་རྣམས་ཀྱིས་གསང་བའི་ཐོག་ནས་གོ་བསྡུར་རིམ་པར་བྱས་ མཐར་བལ་ཡུལ་ས་ཐོག་ཤར་ཁུམས་བུ་ཁུལ་དུ་གསང་ཐབས་ཉེན་ཡོལ་ལ་འགྲོ་ རྒྱུའི་ཐག་གཅོད་བྱས་འདུག
་
པ
༑
]
|
ཙཱ
།
ལ
་༔ :
,
--
ནང་མི་རྒན་བྱིས་ཚང་མས་རང་ཡུལ་བཞག་ནས་འཚོ་བའི་རྟེན་གཞི་འདི་ ཡིན་གང་ཡང་མེད་པར་ལུང་པ་གཞན་ཞིག་ལ་དུས་ཚོད་ངེས་མེད་སྐྱབས་བཅོལ་ ལ་འགྲོ་གི་ཡོད་སྟབས་ནང་གི་རྩ་ཆེའི་དངུལ་དངོས་རིགས་དང་། རྩམ་འབྲུ་ཇ་མར་ སོགས་བཟའ་ཆས་རིགས་གང་ཁྱོག་མཉམ་འཁྱེར་བྱ་རྒྱུའི་གྲ་སྒྲིག་ཚ་ཚ་འུར་འུར་ ངང་བྱས་མཐར། ནང་མི་རྣམས་ཚོ་ཁག་གཉིས་ལ་ཆ་བགོས་ཀྱིས་ཚོ་ཁག་དང་ པོར་ནང་མི་གཞོན་གྲས་རྣམས་དང་། བཟའ་ཆས་སོགས་རྡོག་ཁྲེས་རང་འགྲིགས་ གཡག་གྲངས་ ༡༩ སྐོར་ཡོད་པ་རྣམས་ཕྱི་ལོ་ ༡༩༥༩ ཟླ་ ༡༢ ཚེས་ ༡༨ ཉིན་རང་ ཁྱིམ་ནས་མཚན་དཀྱིལ་ཙམ་ལ་རྡོག་ཐོན་བྱས་པ་དང་། ཚོ་ཁག་གཉིས་པར་ནང་མི་ རྒན་གྲས་རྣམས་ཡོད་པ་རྟ་བཞོན་ནས་ཉིན་གཅིག་གི་རྗེས་སུ་རང་ཡུལ་ནས་ཐོན་ ཏེ་ཚོ་ཁག་གཉིས་ཀ་གངས་རི་སྣང་པ་ལའི་ལ་མཚམས་སུ་མཉམ་འཛོམས་བྱ་རྒྱུའི་ དུས་བཀག་བཟོས། སྐབས་དེར་སྤྱིར་བཏང་ལ་སྟོད་ཁུལ་དུ་རྒྱ་དམག་ཡར་འགྲོ་ མར་འགྲོ་བྱེད་མཁན་མང་བ་དང་། གནས་ཚུལ་ཧ་ཅང་ཛ་དྲག་ལྟ་བུར་གནས་ཡོད་ ཀྱང་སྟབས་ལེགས་པ་ཞིག་ལ་ང་ཚོའི་གྲོང་གསེབ་ནང་རྒྱ་དམར་གྱི་ཞི་དྲག་ལས་ སྣེ་གཏན་སྡོད་བྱེད་མཁན་མེད། ང་ཚོ་རང་ཡུལ་ནས་རྡོག་ཐོན་བྱེད་པའི་ཉིན་དེར་ ཡུལ་མི་མང་ཆེ་བས་ཤེས་ཚོར་བྱུང་སྟེ་ཡུལ་མི་རྣམས་ཕྱིར་ཐོན་ནས་ང་ཚོར་རྫོངས་ བརྡ་བྱེད་པ་དང་ཆབས་ཅིག །ཕན་ཚུན་འབྲལ་མི་ཕོད་པ་ལྟ་བུའི་སྐྱོ་སྣང་དང་མིག་ ཆུ་གཏོང་བ་སོགས་ཡུད་ཙམ་རིང་ནང་གི་སྒོ་འགྲམ་དུ་འུར་སྒྲས་ཁེངས་ཤིང་ཅི་བྱ་ གཏོལ་མེད་ཕན་ཚུན་སྨྲ་བརྗོད་མི་ཐུབ་པར་ཡིད་གདུང་དྲག་པོའི་ངང་གནས།
རང་ཡུལ་ནས་བལ་བོད་ས་མཚམས་སྣང་པ་ལའི་ལ་རྩ་བར་དུ་རྐང་བགྲོད་ ཉིན་ཞག་གཉིས་དང་། སྣང་པ་ལའི་གངས་ལ་ཞེས་ལ་སྐད་གྲགས་ཅན་དེ་བརྒལ་ བགྲོད་བྱ་རྒྱུར་ཉིན་གཅིག དེ་ནས་སྣང་པ་ལ་བརྒྱབ་ནས་བལ་ཡུལ་ས་ཐོག་རྫ་
གསར་པ་ཞེས་པ་དང་། གངས་ཆུང་མགྲོན་ཁང་། ལུ་ནག་མགྲོན་ཁང་སོགས་ བརྒྱུད་ནས་སྔ་འཕྲོས་སྒར་ས་བྱེད་ཡུལ་ཤར་པའི་གྲོང་གསེབ་ཐང་སྨད་བར་འགོར་ རྒྱུན་ཉིན་གཉིས་བཅས་ཁྱོན་ཉིན་གྲངས་ལྔའི་ནང་སྐྱོན་ཆག་སྒོ་ཆེ་བ་མ་བྱུང་བར་ བྲོས་བྱོལ་ཐུབ་པ་བྱུང་ཞིང་། ས་གནས་སུ་འབྱོར་རྗེས་ངོ་ཤེས་པ་ས་དང་གནམ་ ལྟ་བུ་མ་གཏོགས་མགོན་སྐྱབས་རེ་ལྟོས་བྱ་ཡུལ་སུ་ཡང་མེད་སྟབས། ལ་སྟོད་ས་ ཁུལ་གང་ས་ནས་སྐྱབས་བཅོལ་བ་འབྱོར་དང་འབྱོར་བཞིན་པ་རྣམས་ཤར་པའི་ཞིང་ ས་སྟོང་པ་རྒྱ་ཁྱོན་ཆེ་ཙམ་ཞིག་འདུག་པ་དེའི་ནང་གུར་ཕུབ་ནས་བསྡད་འདུག་པ་ བཞིན་ང་ཚོ་ནང་མི་ཚོ་ཡང་བོད་ནས་མཉམ་འཁུར་ཡོད་པའི་གུར་ཆེ་བ་གཉིས་ཙམ་ ཕུབ་ནས་བསྡད་པ་
|
DOC_B_0001500.txt
|
bod_Tibt
| 0.939666
| 120,000
|
"<bos><bos>བོད་ཀྱི་དེང་རབས་རྩོམ་རིག་དཔེ་(...TRUNCATED)
|
DOC_B_0014508.txt
|
bod_Tibt
| 0.936972
| 120,000
|
"<bos><bos>དཀར་ཆགམཆོད་བརྗོད་དང་རྩོམ་པར་ད(...TRUNCATED)
|
IDE140008_ab91.txt
|
bod_Tibt
| 0.989206
| 120,000
|
"<bos><bos>༡ཨ་རྒྱ་གར་སྐད་དུ། སུ་བི་ནི་ཥྭ་(...TRUNCATED)
|
docx_B_0001571.txt
|
bod_Tibt
| 0.990935
| 120,000
|
"<bos><bos>ཚ་བ་སྒྲོལ་མ་ལྷ་ཁང་རིག་གཞུང་དཔ(...TRUNCATED)
|
DOC_B_0005039.txt
|
bod_Tibt
| 0.985914
| 120,000
|
"<bos><bos>\n\nམཆོད་པར་བརྗོད་པ།\n\n༄༅། །སེམས་ཀ(...TRUNCATED)
|
DOC_B_0002047.txt
|
bod_Tibt
| 0.986861
| 120,000
|
"<bos><bos>\t\t \t\t\t༄༅། །བཀའ་ཆེམས་ཀ་ཁོལ་མ།\n\n\n\n\n\n\t(...TRUNCATED)
|
DOC_B_0000256.txt
|
bod_Tibt
| 0.986784
| 120,000
|
"<bos><bos>ཕྲུག་རྒྱལ་རབས་སློབ་པ་ཚོ་དང་འད(...TRUNCATED)
|
DOC_B_0001011.txt
|
bod_Tibt
| 0.985886
| 120,000
|
"<bos><bos>ཆོས་མངོན་པའི་མཛོད་ཀྱི་འགྲེལ་བ(...TRUNCATED)
|
DOC_B_0014044.txt
|
bod_Tibt
| 0.991099
| 120,000
|
"<bos><bos>༄༅༅། །རྒྱ་གར་སྐད་དུ། སརྦ་དུ་རྒ་(...TRUNCATED)
|
DOC_G_0000729.txt
|
bod_Tibt
| 0.99269
| 120,000
|
End of preview. Expand
in Data Studio
README.md exists but content is empty.
- Downloads last month
- 41